| e-texts navigator |
| Wylie |
24b1 མྱེད་འཆི་བ་ཡང་མྱེད་དོ།། གང་མ་སྐྱེས་པ་དང་། མ་ཞིག་པ་དང་། རྒ་བ་མྱེད་པ་དང་། འཆི་བ་མྱེད་པ་དང་། འདུས་མ་བྱས་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན
24b2 པོར་འགྲོའོ།། རྒ་བ་མྱེད་པ་དང་། འཆི་བ་མྱེད་པ་ཞེས་བྱ་བ་ནི། མགོ་དཀར་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་ཆོས་དང་། འདུས་བྱས་ཀྱི་རང་བཞིན་གི་རྟོག་པ་དེ་ལྟ་བུ་དེ་ནི་ཐ་རད་པ་མ་ཡིན་ཀི་ག་པལ་གོང་དུ་སྨོས་པ་རྣམས
24b3 མྱེད་པ་དེ་ནི་བ་རད་པ་ཡིན་ཏེ། དེ་བས་ན་རྒ་བ་མྱེད་པ་ཤེས་བྱའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ནི་མགོ་དཀར་བ་དང་། རྒ་བ་དང་འདུས་བྱས་རྣམ་པར་འགྱུར་བ་མྱེད་དོ།། དེ་བས་ན་དེ
24b4 བཞིན་གཤེགས་པ་ནི་རྒ་བ་མྱེད་པའི་སྐུ་ཡིན་ན། འཆིབས་ག་ལ་འ་གྱུར།། ནད་བྱེད་པ་ནད་མྱེད་པ་ཞེས་བྱ་བ་ནི་བློ་བུར་གྱི་ནད་བཞི་བརྒྱ་རྩ་བཞི་གནོད་པར་གྱུར་པ་དང་། ཉེས་དམྱིགས་དུ་མ་དང་ལྡན་མ་དང་ལྡན་པའི་ལུས
24b5 གངལ་མྱེད་པ་དེ་ལྟ་བུའི་རང་བཞིན་ཡིན་ཏེ། དེ་བས་ན་བ་རད་པ་ནི་ནད་མྱེད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་མགོ་དཀར་བ་དང་། རྒ་བ་དང་འདུས་བྱས
24b6 རྣམ་པར་འགྱུར་བ་མྱེད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྒ་བ་མྱེད་པའི་སྐུ་ཡིན་ན། འཆི་བ་ལྟ་ག་ལ་འགྱུར།། ནད་མྱེད་པ། ནད་མྱེད་པ་ཞེས་བྱ་བ་ནི་བློ་ཤུར་གྱི་ནད་བཞིའི་བརྒྱ་རྩ་བཞི་གནོད་པར
24b7 དེ་བཞིན་གཤེགས་པ་ལ་ཡང་ནང་གི་བག་ཡོད་མྱེད་ན། ཆོས་ཀྱི་སྐུ་ལ་ལྡན་ག་ལ་ཡོད། དེ་བས་ན་དེ་བཞིན་གཤེགས་པ་ནི་ནད་མྱེད་པའོ།། འཆི་བ་མྱེད་པ་འཆི་བ་བྱེད་པ་ཞེས་བྱ་བ་ནི་གཔས་མྱའི་ལུས་བཞིན་དུ་འཆི་བ་མྱེད་དོ།།
24b8 དེ་ནི་པར་ད་པ་ཡིན་ནོ།། དེ་ལ་ནི་དུས་འདི་ཙས་ཀྱིས་ན་ཁད་པར་མ་པར་འགྱུར་བ་འམ། འདྲིལ་བའི་མཐར་འགྱུར་རོ་ཞེས་བྱ་བའི་མྱིང་ཡང་བྱེད་དོ།། འཆི་བ་དང་རྣམ་པ་ནི་ཐ་ར་བའོ།། འརྡ་པག་ཡིན་པ་དེ་ནི་དེ་བཞིན་གཤེགས
24b9 པའོ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་འཆི་བར་འགྱུར་བ་ཞེས་བྱ་བ་དེ་ནི་མྱི་སྲིད་དེ།། སྐུ་རྡོ་རྗེ་ལྟར་མཁྲེགས་པ་མྱི་རྟག་པར་ག་ལ་ཞིག་འགྱུར། དེ་བས་ན་འཆི་བ་མྱེད་པ་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་ཅན་ཉོན་མོངས