| e-texts navigator |
| Wylie |
24a1 རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཚུལ་གི་ཐ་རད་པ་བསྟན་དུ་གསོལ།། བཀའ་སྩལྡ་པ། རིགས་ཀྱི་བུ
24a2 ལེགས་སོ་ལེགས་སོ།། ཐ་རད་པ་ཞེས་བྱ་བ་ནི་འཆིང་བ་ཐམས་ཅད་དང་བྲལ་བའོ།། ཡང་བཀའ་སྩ་ལད་པ། ཐ་རད་པ་ཞེས་བྱ་བ་དེ་ནི་མ་སྐྱེས་པའི་ཕྱིར་དེ་ནི་འཆིང་བ་ཐམས་ཅད་དང་ཤི་ནད་ཏུ་བྲལ་བ་སྟེ། ཇི་ལྟརཕ་མ་ཕྲད་པའི
24a3 ཡོན་ཏན་ལས་བུ་སྐྱེ་བ་བཞིན་དུ། སྐྱེ་བ་མ་ཡིན་ཏེ། ཐ་རད་པ་ནི་རང་གི་ཡུལ་དུ་གནས་པའོ།། མ་སྐྱེས་པ་ཞེས་བྱ་བ་ནི། འདི་ལྟར་མར་ཀི་སྙིང་ཁུ་རང་བཞིན་རང་གི་ངོ་བོ་ཉིད་དུ་འདུག་པ་དེ་དེ་བཞིན་གཤེགས་པ་ནི་ཡབ་ཡུམ
24a4 འཁྲིག་པ་ལས་བྱུང་བ་ཡང་མ་ཡིན་ལ། དེ་བཞིན་གཤེགས་པས་ནི་གདུལ་བར་བྱ་བའི་དབང་གྱིས་ཡབ་ཡུམ་གཉིས་ཀྱང་བསྟནད་ཏོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། མ་བྱུང་བར་བྱུང
24a5 བའི་ཕྱིར་རོ།། དཔེར་ན་སྲན་སྡེ་བུ་འམ། སྲན་གྲེའུ་དཔྱིད་བླ་ར་བའི་པོའི་བྱང་ཞི་དྱཱ་སྟོན་ཟླ་ཐ་ཆུངས་ཀྱི་ང་ལ་ས་བོན་བཏབ་ན། དེ་དག། ལས་མྱུ་གུ་འབྱུང་བར་འགྱུར་བ་བཞིན་དུ་ཐ་རད་པ་ནི་དེ་ལྟ་མ་ཡིན་ནོ།
24a6 མ་བྱུང་བ་གང་ཡིན་པ་དེ་ནི་ཐ་རད་པའོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། མ་བྱུང་བའོ།། དེ་བཞིན་གཤེགས་པ་ནི་མ་བྱུང་བ་ཁོ་ན་སྟེ། དེ་བཞིན་གཤེགས་པ་ནི་མྱུ་གུ་ཡོད་པ་དང་མྱེད
24a7 པར་འགྱུར་བ་བཞིན་དུ། ཡོངས་སུ་བརྟགས་པར་མྱི་བྱའོ།། དེ་བཞིན་གཤེགས་པ་ནི་རང་བཞིན་གིས་མ་བྱུང་བ་སྟེ། དེ་བས་ན་མ་བྱུང་བའོ།། མ་བྱུང་བ་ཞེས་བྱ་བ་ནི་མ་བྱས་པའོ།། མི་བྱས་པ་ཞེས་བྱ་བ་ནི་ཇི་ལྟར་གྲོང་ཁྱེར
24a8 དང་། མཱའི་ཡང་ཕོག་དང་། སྤྲོ་གང་བྱེད་པ་དེ་བཞིན་དུ་ཐ་རང་པ་ནི་དེ་སྙ་མ་ཡིན་ཏེ། མ་བྱས་པ་གང་ཡིན་པ་དེ་ནི་ཐ་རད་པའོ།། དེ་ནི་དེ་བཞིན་གཤེགས་པའོ།། འདུས་མ་བྱས་པ་འདུས་མ་བྱས་པ་ཞེས་བྱ་བ་ནི། ཇི་ལྟར་རྫ
24a9 མཁན་གིས་སྣོད་བྱས་ནས། དེའི་འོག་ཏུ་ཞིག་པར་འགྱུར་བ་གཞན་དུ་ཐ་རད་པ་ནི་དེ་ལྟ་བུ་མ་ཡིན་ནོ།། ཐ་རད་པ་ནི་སྐྱེ་བ་ཡང་མྱེད་འགག་པ་ཡང་མྱེད་དོ།། ཐ་རད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། སྐྱེ་བ་ཡང་།