| e-texts navigator |
| Wylie |
23b1 རྫོགས་པར་སངས་རྒྱས་པར་སྣང་བ་འདི་ནི་ཚིག་གྲགས་པའོ།། གསལ་བའོ།། ཡང་དག་པའི་དོན་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལྡ་པ། བཅོམ་ལྡན་འདས་ཅི་ལགས། སྨན་པས་སྨྲས་པ།
23b2 ཐམས་ཅད་སོས་པར་བགྱིས་ནས། ཡུལ་དང་གྲོང་ཁྱེར་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གཞན་ན་སྨྲས་པ་རྣམས་མཆིས་པ་དེར་སྣང་བར་འགྱུར་རོ་ཞེས་བགྱི་ལགས་སམ།། བཀའ་སྩལྡ་པ། རིགས་ཀྱི་བུ་སྲོག
23b3 ཆགས་སྤྲས་པ་ཐམས་ཅད་ཀྱི་ནདག་སོ་བར་བྱེད་ཅེས་དེ་སྐད་མ་ཁེམཅིག། གསོར་མྱི་རུང་བའི་སེམས་ཅན་གཞན་རྣམས་ནི་གསོ་བར་མྱི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ནད་ནི་གསོར་མྱི་རུང་བ་ཡིན་ཏེ། དེ་བཞིན་དུ་དེ་བཞིན་གཤེ
23b4 པ་ནི་ཀསོར་མྱི་རུང་བའི་ནད་འདོད་ཆེན་པ་མ་གཏོགས་པར་ནད་ཐམ་ས་ཅད་གསོ་བར་མཛད་དེ། ཀར་མྱ་ངན་ལས་འདས་པ་དེ་དག་གསོས་པ་ཡིན་ནོ།། གསོལ་བ་ཐ་རད་པ་ཇི་ལྟ་བུ་ལགས་གཟུགས་ཅན་ལགས་ས
23b5 གཟུགས་མ་མཆིས་པ་ལགས།། བཀའ་སྩལ་པ། ཁ་ཅིག། ནི་གཟུགས་ཅན་ཡིན་ནོ།། ཁ་ཅིག་ནི་གཟུགས་ཅན་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ།། སངས་རྒྱས་བཅོམ
23b6 ལྡན་འདས་རྣམས་ཀྱི་གཟུགས་ཅན་མ་ཡིན་ནོ།། ཐ་རད་པ་དེ་ནི་ཀ་ཟུགས་དང་གཟུགས་དམྱེད་པ་ཡིན་ནོ།། གཟུགས་མ་ཡིན་ནོ་ཞེས་བྱབར་ཡང་མྱི་རུང་ངོ་།། གསོལ་པ། ཅིའི་སླད་དུ་ལགས།། བཀ།
23b7 སུ་ལད་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ། དཔེར་ན་འདུ་ཤེས་མྱེད་འདུ་ཞེས་མྱེད་བྱིན་གི་ལྷ་རྣམས་ཀྱི་སུས་ནི། གཟུགས་དང་གཟུགས་བྱེད་པ་ཡིན་པས། གཟུགས་ཡིན་ནོ་ཞེས་བྱ་བར་ཡང་མྱི་རུང་བ་བཞིན་ནོ།།
23b8 གསོལྡ་པ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་གི་ལྷ་རྣམས་གཟུགས་མ་མཆིས་པ་ལགས་ཀྱང་མ་ལགས་ན། དེ་དག་ཇི་ལྟར་མཆིས་པ་དང་། དེ་དག་རྒྱུ་བ་བསྟན་དུ་གསོལ།། བཀའ་སྩལྡ་པ། འདི་ནི་སངས་རྒྱས་ཀྱི་ཡུལ
23b9 ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་གྱིས་ཞོག་ཤིག། དེ་བཞིན་དུ་ཐར་ད་པ་ཡང་གཟུགས་དང་། གཟུགས་མྱེད་པ་ཡིན་ལ། གཟུགས་ཀྱང་མ་ཡིན་པས་ན། སངས་རྒྱས་ཀྱི་ཡུལ་ཡིན་གི། ཉན་ཐོས་དང