| e-texts navigator |
| Wylie |
23a1 ཀལ་མྱི་ལ་ལ་ཚེ་དཔག་ཏུ་མྱེད་པར་གྱུར་ད་ན། མྱི་དེ་སྐྱེས་བུ་ཞེན་པོ་ཞེས་བྱ་བའི་གྲངས་སུ་གཏོགས་ཏེ། གལ་ཏེ་ཆོས་དང་ལྡན་ན་མི་དེ་སྐྱེས་བུ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། ཡང་འདིས་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཀྱིས་སྐྱེས་བུ
23a2 ཀཅིག་བུར་གྱུར་ཏེ། སྐྱེས་བུ་ཆེན་པོ་དུ་མ་ཡོད་པའི་ནང་ན། ཀཔལ་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཡོད་པ་དེ་ནི། སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི་ནང་ན་ཡང་སྐྱེས་བུ་ཆེན་པོ་ཞེས་ངས་བཤད་པས་ན། དེའི་ཕྱིར་ཆེ་བ་ཞེས་བྱའོ།།
23a3 ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ། ག་ལ་རྨ་མྱེད་པ་དེ་ནི་མྱ་ངན་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན་འདི་ན་མྱི་ལ་ལ་ཞིག་གདུགས་པའི་ཟུག་རྔུས་ཕོག་སྟེ། བབ་རྡོའི་གནོད་པས
23a4 ཟེབས་ནས་བབ་རྡོའི་གནོད་པས་ཐེབས་པའི་མྱི་དེ་ཟུག་རྩུ་འབྱིན་པའི་སྨན་པ་ཆེན་པོ་ཞིག་གིས་གསོལ་ཏེ། གདུག་པའི་ཟུག་རྔུ་བསལ་ནས་བདེ་བར་བྱས་ཏེ། དེ་གནོད་པ་མྱེད་པར་སྔ་མཁོའ་བཞིན་དུ་བྱས་ནས། སྨན་པ
23a5 དེས་ཀྱི་དེ་བོར་ཏེ། ཡུལ་གཞན་ནམ་གྲོང་གཞན་ནམ། ཁྱིམ་ཀ། ཞན་གང་ན་སྨྲས་པ་ཡོད་པ་དང་། གང་ན་མའི་ལས་བྱར་ཡོད་པ་དེ་གནས་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲལ་བཅོམ་པ་ཡ
23a6 དག་པར་རྫོགས་པའི་སངས་རྒྱས་སྨན་པ་ཆེན་པོ་ཟུག་རྔུ་འབྱིནད་པས་ཀྱང་འཇམ་བུ་གླིང་པའི་སེམས་ཅན་བསྐལ་པ་བྱེ་བ་ཕྲག་གྲང་ས་མྱེད་པ་ཚུན་ཆད་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི
23a7 མུག་ལས་སྩོགས་པ་ཉོན་མོངས་པའི་དུག་ཀྱིས་ཕོག་པའི་སེམས་ཅན་ཤི་ནད་ཏུ་སྨན་པ་ཐམས་ཅད་ཀྱི་ཟུག་རྔུ་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་ཚན་སྣ་ཚོགས་ཀྱི་དགེའ་བའི་རྩ་བའི་སྨན་རྣམས་ཀྱིས་གསོ་པར་མཛད་དོ།།
23a8 གསོས་ནས་ཀྱང་དེ་རྣམས་མྱ་ངན་ལས་བཟླས་ཏེ། གང་སེམས་ཅན་སྨན་པ་རྣམས་ཡོད་པ་དེར། བཅོམ་ལྡན་འདས་ཡང་དག་པར་སྣང་བར་འགྱུར་རོ།། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི་ཡང་དག་པའི་དོན་ལ་རྟོག
23a9 པ་ཡིན་ནོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི། སྲིད་པ་ཐམས་ཅད་ན། ཐར་པའི་གྲོང་ཁྱེར་གི་ཚིག་བླ་དགས་ཡིན་ཏེ། གང་འདུལ་བར་བྱ་བ་རྣམས་ཡོད་པ་དེར