e-texts navigator
Collection
Volume
Page
Wylie

22a1 རྣམས་ལ་ངེས་ཐེག་པ་ཆེན་པོ་བསླབ་པ་གསང་བར་བྱས་ན་ནི། དེ་ལྟར་ན་པལ་བརྡའ་སྤྲོད་པ་དང་འདྲ་བར་གསང་བར་གསང་བར་བྱས་སོ་ཞེས་སྨ་ཧཱ་རིག་སོ།། ད་ནི་ང་ནི་བདའ་སྨོད་པའི་དང་འདྲ་བར་དེ་བཞིན་གཤེགས་པ་བརྟག
22a2 པ་དང་བརྟན་པར་བསྟནད་དེ། ཁྱིམ་བདག་བྲན་པའ་ཅན་དང་འདྲ་བར་རང་གི་ཟླ་རྫ་བར་མཛད་དོ།། དེ་ལྟར་ན་རིག་པ་ཐམས་ཅད་ཚར་ཕྱིནད་པར་བྱེད་པ་དེ་བཞིན་དུ་ཚར་ཕྱིནད་པར་བྱེད་དོ།། རིགས་ཀི་བུ་གཞན་ཡང་དཔེར་ན་དབྱར་གྱི་སྤྲིན་ཆེན
22a3 བོ་རྣམས་འབྲུག་དི་རི་རིང་སྒྲོགས་ཤིང་། ཆར་ཆེན་པོ་འབེབས་སུ་ཟིན་ཀྱང་སེམས་ཅན་ཁ་ཅིག་གི་ས་བོན་མ་སྐྱེས་ན་ཅི་དེ་ལ་སྤྲིན་ཆེན་པོ་རྣམས་ཀྱིས་ཉེས་སམ། ཅི་སྨིན་པ་ཆེན་པོ་རྣམས་ཆར་མྱི་འབེབས་སམ། དེ་བཞིན་དུ་དངངས
22a4 ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་བསྟན་ཀྱང་། སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་ཀྱིས་མྱི་ཐོས་སོ།། ཡང་བཀའ་སྩལྡ་པ། གང་དག་ལ་ནི་ཡོངས་བརྩེགས་མྱེད།། གང
22a5 དག་གིས་ནི་ཟས་མྱི་རྟོགས།། མཁའ་ལ་བྱ་རྣམས་རྗེ་འདྲ་བར།། དེ་དག་རྗེས་བཅད་དཀའ་བ་ཡིན།། བསྟནད་པ་འདིའི་དོན་ཇི་ལྟ་བུ་ཞེ་ན།། སུ་དཀ་ལ་ནི་ཡོངས་སུ་གས་མྱེད།། སུ་དག་གིས་ནི་ཟས
22a6 མྱི་རྟོགས།། གང་དག་མྱིས་ནི་རྗེས་བཅད་དགའ།། སུ་སོང་ཀར་དུ་སོང་བ་ན།། དེ་དག་རྗེས་བཅད་དཀའ་བ་ཡིན།། དེ་ལ་རིན་པོ་ཆེ་ལས་བསྩོགས་པ་ནི་བསྩོགས་པའོ།། ཡོངས་སུ་ཞེས་བྱ་བ་ནི་ཕྲད
22a7 ཀྱི་བྱེ་བྲག་གི་ཚིག་གོ།། ཡོངས་ཞེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་རྫས་བཟང་པོ་བསྒྲུབས་པའི་ཐ་ཚིག་གོ།། བསྩགས་པ་ཞེས་བྱ་བ་དང་ནོར་ཞེས་བྱ་བ་ནི་དོན་གཅིག་ཀོ།། གང་དག་ནོར་ཡོངས་སུ་བསྩགས་པར་བྱེད་པ་དེ
22a8 ནི། དེ་དག་གི་ཡོངས་སུ་བསྩགས་པ་ཞེས་བྱའོ།། དེ་ལ་ཡོངས་སུ་བསྩགས་པ་ཞེས་བྱ་བ་ནི།། རྣམ་པ་གཉིས་སྟེ། འདུས་བྱས་ཡོངས་སུ་བསུགས་པ་དང་།། འདུས་མ་བྱས་ཡོངས་སུ་བསྩགས་པའོ།། དེ་ལ་ཉན་ཐོས
22a9 ནི་འདུས་བྱས་ཡོངས་སུ་བསྩགས་པའི་རྣམ་པའོ།། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཡོངས་སུ་བསྔགས་པའི་རྣམ་པའོ།། དགེལ་འདུན་ནི་རྣམ་པ་གཉིས་ཏེ།། འདུས་བྱས་གི་དགེ་ལ་འདུན་དང་འདུས་མ་བྱས་ཀྱི་དགེ་ལ་འདུན




iiif viewer powered by OpenSeadragon

21b - 22b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo