| e-texts navigator |
| Wylie |
21b1 བ་ཞིག་ཡོད་དེ། དེས་དེའི་བུའི་སློབ་དཔོན་ལས་ཕྱིར་བཀུག་ནས་བུ་ལ་བྱམས་པའི་ཕྱིར་བདག་ཉིད་ཀྱིས་བསྒྲིབས་ཏེ། ཡི་གེ་ཕྱེད་པ་སློབ་པར་བྱེད་ན། དེས་བསྒྲིབས་ཏེ་ཡི་གེ་ཕྱེད་པ་བསླབས་སུ་ཟིན་ཀྱང་ཅི་བརྡའ་སྤྲོད་པའི་དོན་ཀྱི་བྱེ
21b2 བྲག་སྟོནད་པར་ནུས་སམ། བསྟནད་པར་ནུས་སུ་ཟིནད་ཀྱང་ཅི་དེས་ཡི་གེ་ཕྱེད་པ་བླབས་པས་བརྡའ་སྤྲོད་པས་དོན་ཤེས་པར་འགྱུར་རམ། ཅི་ཁྱིམ་བདག་བྲན་ཟ་ཅན་རད་ཀྱི་བུ་ལ་གསང་བར་བྱེད་དམ། གསོལྡ་པ། བཅོམ་ལྡན
21b3 འདས་དེ་ནི་མ་ལགས་ཏེ། བུ་ཤེས་པའི་སྩལ་དང་། ཡིད་རྣོ་རྟུལ་དེ་འདྲ་བ་དང་། ཤེས་པའི་ཚལ་དང་མྱི་ལྡན་པའི་རྒྱུས་ན། དེ་ནི་གསང་བ་དང་འདྲ་བར་གདའ་བར་འགྱུར་ལགས་སོ།། དེ་ལ་ཡིད་མྱི་བདེ་བ་དང་གཡོ་དང་སེར་སྣ་གང
21b4 ལགས་པ་དེ་ནི་གསང་བ་ལགས་པར་རིག་པར་བགྱིའོ།། དད་པ་དང་དགའ་བས་བུ་ཅིག་པའི་འདུ་ཤེས་གང་ལགས་པ་དེ་ནི་གསང་བ་ཞེས་མྱི་བཀྱི་ལགས་སོ།། བཀའ་སྩ་ལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།།
21b5 རིགས་ཀྱི་བུ་ཁྱོད་ལེགས་སོ།། སྡར་བ་དང་གཡོ་དང་སེར་སྣ་དང་ལྔ་ན་པ་གང་ཡིན་པ་དེ་ནི་གསང་བ་ཡིན་དེའི་སྟོབས་དང་བྱམས་པས་ཀྱང་།། ཁྱིམ་བདག་བྲན་ཟན་ཅན་དེ་སྟོནད་པར་མྱི་བྱེད་པ་དེ་བཞིན། ཁྱིམ་བད།
21b6 བྲན་གཟའ་ཅན་ལྟར་ང་སེམས་ཅན་ཐམས་ཅད་ལ་བུ་ཅིག་པའི་འདུ་ཤེ་ས་བསྒོམ་པ་དང་ལྡན་མོད་ཀྱི། བྱིས་པ་དེ་དག་ཀྱིས་མྱི་བཟོད་པའི་བྱ་རང་དགོངས་པའི་ཚིག་མི་སྟོནད་ཏོ།། བརྡའ་སྤྲོད་པ་དང་འདྲ་བར་ནི
21b7 སྟོབས་བཅུ་དང་། འཕགས་པའི་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཐེག་པ་ཆེན་པོ་ཤནད་ཏུ་རྒྱས་པའི་བརྡའ་སྤྲོད་པ་བསྟན་ཏོ།། རིགས་ཀྱི་བུ་གཞན་ཡང་གང་གི་ཚེ། ཡི་གེ་ཕྱེད་པ་བསླབས།
21b8 ནས་སཱ་རིག་པའི་འོས་སུ་འགྱུར་བ་དེའི་ཚེ། ཁྱིམ་བདག་བྲན་བ་ཅན་ཀྱིས་གལ་ཏེ་བརྡལ་སྤྲོད་པའི་དོན་བསློབ་པར་མྱི་བྱེད་ན་ནི། དེ་ལྟ་ན་སེར་སྣ་མྱེད་པའི་ཕྱིར་གསང་བ་ཞེས་བྱའོ།། གལ་ཏེ་བརྡའ་སྤྲོད་པའི་དོན་བསྟན་ན་ནི། བྱིས
21b9 པས་བརྡའ་སྤྲོད་པ་རྫོགས་པར་ལོབས་པར་འགྱུར་བ་བཞིན་དུ། ར་ཡང་ཉན་ཐོས་རྣམས་ལ་ཇི་སྲིད་དུ་ཐེག་པ་ཆེན་པོའི་སྣོད་དུ་མ་གྱུར་ད་པ་དེ་སྲིད་དུ་གསུང་རབ་ཡན་ལག་དགུ་སྟོན་ཏེ།། གལ་ཏེ་རས་སེམས་ཅན་སྣོད་དུ་གྱུར་དཔ།