| e-texts navigator |
| Wylie |
21a1 ཉིད་ཐོབ་པ་ནི་འབྲས་བུའི་མཆོག་ཅེས་བྱའོ།། དགྲའ་བཅོམ་པ་ཐམས་ཅད་ནི་བང་ཟིང་ལ་ཞེནད་པ་དང་བྲལ་ཏེ། ཟང་ཟིང་མྱེད་པ་དང་བྲལ་ཏ་མར་མྱེའི་གནས་བཞིན་དུ་མཐར་ཐུག་པ་དང་། བང་ཟིང་མྱེད་པ་ལ་དགའ་བ་ཡིན
21a2 སོ།། ཕྱིར་མྱི་འོང་བ་ཡང་ཟང་ཞིང་བྱེད་པའི་དོན་ཡིན་པར་ངས་དགོངས་པའི་ཚིག་གིས་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་ནི་མ་ཡིན་ནོ།། གསོལྡ་པ་ཕྱིར་གྱི་འོང་བ་ཞེས་བཀའ་སྩལ་པ་དེའི་དོན
21a3 ལགས། བཀའ་སྩལ་ད་པ། ཡང་སྲིད་པའི་ལེནད་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་ཕྱིར་མྱི་འོང་བ་ཞེས་བགྱི་བ་ལགས་ན། ཕྱིར་མྱི་འོང་བ་གང་ལགས་པ་དེ་ལ་ཡང་། ཡང་སྲིད
21a4 པ་ལེ་ནད་པར་མཆིས་པར་གྱུར་ད་ན། ཅིའི་སླད་དུ་ཕྱིར་མྱི་འོང་བ་ཡང་སླར་འདིར་རང་བཞིན་གིས་མི་གཙང་བའི་སྲིན་བུ་འཆལ་བའི་ལུས་ཅན་དུ་སྐྱེ་བར་མྱི་འགྱུར་ལགས།། བཀའ་སྩལ་པ། ལུས་དེ་ནི་མི་ལེན་མོད་ཀྱི
21a5 དུག་སྨན་བཞིན་དུ་ལུས་ལེནད་ཏོ།། དེ་བྲན་བཱི་མྱི་འོང་བ་ཞེས་བྱའོ།། ། ཕྱིར་འོང་བ་ཞེས་བྱ་བ་ནི་ལུས་ཤེས་བྱ་བའི་ཐ་ཚིག་གོ།། ཕྱིར་འོང། བ་ནི་ཕན་ཚུན་འགྲོ་ཞེས་བྱ་བའི་ཐ་ཚིག་གོ།། གསོལ་པ། བཅོམ
21a6 ལྡན་འདས་མི་ལགས།། བཅོམ་ལྡན་འདས་ཀྱིས་བསྟནད་པ་ས་གས་ང་བ་མཆིས་སམ། དགོངས་པའི་ཚིག་དགོད་པའི་ཚིག་ཅེས་གས་བར་མི་མཛད་དུ་གསོལ།། བཅོམ་ལྡན་འདས་ཅི་ལགས། སངས
21a7 རྒྱས་ཀྱི་གསུངས་མྱིག་འཕྲུལ་མཁན་ཀི་འཁྲུལ་འཁོར་དང་། སྒྱུ་མ་མཁན་གིས་བགྱིས་བགྱིས་པའི་འཁྲུལ་འཁོར་ཀི། སྒྱུ་མའི་བུད་མྱེད་དང་འདྲ་ལགས་སམ།། བཀའ་སྩལ་པ། ངའི་བསྟན་པ་ལ་ནི་གསང་བ་མྱེད་དོ།། སངས
21a8 རྒྱས་ཀྱི་གསུང་ནི་སྟོན་གི་ཟླ་བ་རྒྱས་པ་བཞིན་དུ་སྐྱོན་མྱེད་པ་བཞིན་དུ་སྐྱོན་མྱེད་པས་མཚན་མས་བཏབ་པ་དང་རྨོངས་པ་མྱེད་པ་དང་། གསང་བ་དང་། ཀསང་ཆེན་པོ་དང་། བྲལ་བ་དང་། གསལ་བ་ཡིན་ནོ།།
21a9 བམ་པོ།། རིགས་ཀྱི་བུ་དཔེར་ན། ཁྱིམ་བདག་བྲན་པ་ཅན་ནོར་བྱེ་བ་བདོག་པ་ཞིག་ལ། བུ་ཅིག་པ་སྡུག་ཅིང་འཕངས་ལ་གཅེས་ཤིང་ཡིད་དུ་འོང