| e-texts navigator |
| Wylie |
20b1 ཆེན་པོ་དང་། མྱི་འཇིགས་པ་འགོད་པར་བྱེད་པས་ན། རྟག་པ་ཆེན་པོ་ཞེས་བྱ་སྟེ། ཇི་ལྟར་བྱེད་ཅེས་དྲི་བར་མྱི་བྱའོ།། དེ་བཞིན་གཤེགས་པ་དགྲའ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྨ་གཅན་བིད་ཀི་ཕར་གྱུརཔ།
20b2 པར་བསྐྲུན་པའི་ཁབས་ལ་འཇུག་པ་ལྟ་བུར་འཇིག་རྟེན་དང་མཐུན་པར་མཛད་དོ་སྙས་དུ་ཁོང་དུ་ཆུད་པར་བྱ་སྟེ། བསྐསད་པབྱེ་བ་ཕྲག་དུ་མ་ནས་འདོད་པའི་མུ་བོ་ལས་གལ་ཡིན་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟ
20b3 པ་དང་ཟེར་ཟུག་པ་ཡིན་ནོ།། གསོལ་པ། འདིར་ཇི་ལྟར་མར་མེ་གུམ་པ་གང་དུ་མཆི་བའི་གནས་གདགས་སུ་མ་མཆིས་པ་བཀའ་སྩ་ལད་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་གནས་ཀྱང་དེ་དང་འདྲ་བར
20b4 གསུངས་ན། ཇི་ལྟར་དེ་བཞིན་གཤེགས་པ་བརྟག་པ་དང་། བརྟན་པ་དང་། ཟེར་ཟུག་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ནི་མར་མྱེའི་གནས་དང་འདྲ་བར་མ་བཤད་དེ། རིགས་གི་བུ་འདི་ལྟར
20b5 སྐྱེས་པའམ་བུད་མྱེད་ཀང་ཡང་རུང་བ་ཞིག་ཀིས་སྣོད་ཆེན་པོ་འམ། ཆུང་ངུ་ཡང་རུང་སྟེ། མར་རམ་ཏིལ་མར་གིས་བཀང་ནས་མྱེ་འབར་ན་མར་མྱེའི་མྱེ་ལྕེ་ཏིལ་མར་ཅི་སྲིད་དུ་ཡོད་པ་དེ་སྲིད་དུ་འབར་ལ། ཏིལ་མར
20b6 ཟད་ནས་མར་མེ་ཟད་པར་འགྱུར་རོ།། དེ་ལྟར་ཉོན་མོངས་པ་ཟད་པ་ནི་མར་མེ་ཟད་པ་དང་འདྲ་བར་བསྟན་ཏེ། དེ་བཞིན་གཤེགས་པ་ནི་སྣོད་བཞིན་དུ་རྟག་པ་ཡིན། ཉོན་མོངས་པ་ཟད་པ་ནི་མར་མེ་དང་ཏིལ་མར
20b7 དང་འདྲ་ན། ཅི་སྣོད་ཀྱང་མར་མྱེ་དང་འགྲོ་མཉམ་དུ་མྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྣོད་ནི་མཆིས་པར་མྱི་འགྱུར་ལགས་ན། མི་ལགས་དེ་བཞིན་གཤེགས་པ་ཡང་། སྣོད་དང་འདྲ
20b8 བར་བས་པར་འགྱུར་རམ། གལ་ཏེ་དེ་བཞིན་གཤེགས་པ་ཡང་ཏིལ་མར་གི་སྣོད་དང་འདྲ་ན་ནི། དེ་བཞིན་གཤེགས་པ་ཡང་ཟད་པར་འགྱུར་བ་བཀའ་སྩ་ལད་པར་མྱི་འགྱུར་ལགས་སམ། བཀའ་སྩལྡ་པ། དེ་བཞིན་གཤེགས་པ་ནི
20b9 སྣོད་དང་འདྲ་བ་མ་ཡིན་ཏེ། མཆོག་ཏུ་རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ།། དེ་ཡན་མ་ནསའད་པ་ག་ཏུ་ཆོག་བྱེད་འདོ། གཱཞི་ཞུ་གནན་ལྔག་བྱོ་གན་འདྲ་བནི་གྲལ་ས་པ་ཡིན་ཏེ། དེ་བས་ན་མྱ་ངན་ལས། འདས་པའི་གནས་དགྲ་བཅོམ་པ