| e-texts navigator |
| Wylie |
20a1 མྱེད་པ་ནས་རབ་ཏུ་བྱུང་བའི་དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་ཟིན་བཞིན་དུ་ཡང་དག་པར་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བ་སྟོན་ཏེ། དེ་དག་ཉེས་པར་བསྐལ་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་རྟག
20a2 ཏུ་རང་བཞིན་གི་སྐུར་གནས་མོད་ཀྱི། སེམས་ཅན་ཐམས་ཅད་གི་ངེས་པར་བསྒྲལ་བའི་ཕྱིར་བཟོའི་གནས་ཐམས་ཅད་དུ་ཡང་སློབ་དཔོན་བྱེད་དེ། རིགས་སྔགས་དང་གསང་སྔགས་དང་། སྤྲུལ་པ་ཐམས་ཅད་ཀྱང་སྟོན་ད་ལ་ཡ
20a3 མཚན་ཅན་ཐམས་ཅད་ཀྱི་རྒྱགས་པ་དང་རྒྱལ་བཅོམ་ནས། དེ་དག་ལ་ཤིང་བལ་ལྟ་བུར་སྙིང་པོ་མྱེད་པ་ཡང་དག་པར་སྟོནད་ཅིང་། དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་པ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཡིན་ཏེ། དེར་སེམས
20a4 ཅན་ལྟ་བའི་འདུ་ཤེས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་པའོ་སྙམ་དུ་ཡང་དག་པར་ཞེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན་ལས་འདས་པའི་ཆོས་གཟིགས་པ་ཡིན
20a5 ནོ།། འཛམ་བུ་གླིང་ལ་ལར་ནི་འཇིག་རྟེན་དང་མཐུན་པར་བྱ་@། ས་ངེས་པར་བསྒྲལ་བའི་ཕྱིར་བྲན་དང་བྲན་མོར་ཡང་སྟོན་ཏེ། སེམས།། ཅན་རྣམས་ཀྱིས་བྲན་དང་བྲན་མོའི་སྙམ་དུ་ཡང་དག་པར་ཤེས་པ་དེ་ནི་རིག
20a6 དམའ་བར་སྟོནད་པ་ཡིན་ནོ།། འཛམ་བུ་གླིང་ལ་ལར་ནི་ངེས་འཇིག་རྟེན་གི་བྱ་བ་ཐམས་ཅད་བསྟན་ཏེ། སེམས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་ལྷུར་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ།། དེ་ལྟར
20a7 སྟོནད་ཏུ་བིནད་ཀྱང་དེ་བཞིན་གཤེགས་པ་ནི་ལས་དེ་བྱེད་པ་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱ་བ་ནི་རྟེན་ན་ཅིག། དེ་བཞིན་དུ་བྱང་གི་སྒྲ་གྱི་སྙན་དང་། ཤར་གྱི་ལུས་འཕགས་དང་། ནུབ་གི་བ་ལང་པྱོད་ནམས་དང་། སྲིད
20a8 པ་ཉི་ཤུ་རྩ་ལྔ་དག་མུ་ཡང་འཇིག་རྟེན་པ་དང་མཐུན་པར་བྱ་བའི་སྒོ་ནས་དེ་དང་དེ་དག་དེ་བཞིན་དུ་སྦྱར་ཏེ། སྟོང་གསུམ་གི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་བརྗོད་པ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛི་ནང་གི་ལུགས་བཞིན་དུ་སྦྱར་བར་བྱའོ།།
20a9 དེ་བཞིན་གཤེགས་པས་བྱ་བ་ཐམས་ཅད་བསྟནད་པའི་ཕྱིར། ཡོངས་སུ་མྱ་ངན་འདས་པ་ཆེན་པོ་ཞེས་བྱ་སྟེ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱ་བ་ཆེན་པོ་ནི་བྱ་བ་ཆེན་པོ་ཐམས་ཅད་དང་ཆོ་འཕྲུལ