e-texts navigator
Collection
Volume
Page
Wylie

1b1 རིགས་ཀྱི་བུ་ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མྱི་ཤིགས་པའི་སྐུ་དང་། རོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ
1b2 དང་། ཆོས་ཀྱི་སྐུར་ལྟོས་ཤིག། གསོལ་པ། གལྡ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་ན་ནི
1b3 བདག་དེ་ལྟར་མྱི་བལྟལ་ལགས་སོ།། གཡད་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུརྡ་ན། གཞིག་ཏུ་རུང་བའི་སྐུ་དང་། ཟལ
1b4 བའི་སྐུ་དང་། ཤའི་སྐུར་བལྟའ་བར་འཚལ་ལོ།། བཀའ་སྩལ་པ། རིགས་ཀྱི་བུ་མྱེའི་ལྟ་བུར་སོབ་སོབ་པོ
1b5 འི་ལུས་དང་། གཞི་ག་ཏུ་རུང་བའི་ལུས་ཤེས་ཏེ་སྐད་མ་ཟེར་ཅིག། འོད་སྲུང་ཆེན་པོ་དང་རུས་གཅིག་པ
1b6 དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་མྱི་ཤིགས་པའི་སྐུ་དང་ལྡན་ཞིང་། མྱི་འི་ལུས་མ་ཡིན། ལྷའི
1b7 ལུས་མ་ཡིན། སྲིད་པ་ཐམས་ཅད་ཀྱི་ལུས་མ་ཡིན། ཤའི་ལུས་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ལུས་མྱེད་པ། མ
1b8 སྐྱེས་པ། མ་འགགས་པ། ཡོད་པ་མ་ཡིན་པ། འཇུག་པ་མྱེད་པ། མཐར་ཐུག་པ་མྱེད་པ། གནས་མྱེད་པ། རྣམ
1b9 པར་ཤེས་པ་མྱེད་པ། ཀུན་ཏུ་སྤྱོད་པ་མྱེད་བཞིན་ཏུ་དག་པ་ཅི་ཡང་མ་ཡིན་པཞིན་པ་མ་ཡིན་པ། རྐང་པ་མྱེད་པ། གནས་མྱེད་པ




iiif viewer powered by OpenSeadragon

1a - 2a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo