| e-texts navigator |
| Wylie |
19b1 དེ་ངག་བུའི་འདུ་ཞེས་མྱི་འཇུག་གོ།། འཛམ་བུ་གླིང་ལ་ལར་ནི་དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་ཁྱིམ་བདག་དུ་ཡང་སྟོན་ཏོ།། དམ་པའི་སྐྱོང་བ་དང་། འཇིག་རྟེན་སྐྱོང་བ་སྲུང་བའི་ཕྱིར་བློན་པོ་རྣམས་གི་ནང་ནི་བློན་པོར་བདུ
19b2 གཞོན་ནུ་རྣམས་ལ་དས་པའི་ཆོས་ཡང་དག་པར་བསྟནད་པའི་ཕྱིར་གཞོན་ནུ་རྣམས་ཀི་ནང་དུ་གཞོན་ནུར་བཀུར་རོ།། དམ་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ལུགས་ཡང་དག་པར་བསྟན་པའི་ཕྱིར། རྒྱལ་པོ་རྣམས་གི་ནང་དུ་རྒྱལ་པོར་བཀུར་རོ
19b3 འཛམ་བུ་གླིང་ལ་ལར་ནི་ནང་གི་བར་གྱི་བསྐལ་པའི་ནང་དུ་སེམས་ཅན་རྣམས་ལ་སྨན་བྱིན་ནས། དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་ཀྱི་བར་ཀི་བསྐལ་པའི་ནང་དུ་ཡང་དག་པར་ཤེས་སོ།། འཇམ
19b4 བུ་གྲིབ་ལ་ལར་ནི་མུ་ཀེའི་བར་གྱི་བསྐལ་པའི་ནང་དུ་བཀྲེས་ཤིང་ཉམ་ཆུང་བའི་སེམས་ཅན་རྣམས་བདུད་ཅི་ཟས་ཀྱིས་ཚིམ་པར་བྱེད་ནས་དམ་པ་འི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་མུ་ཀེའི་བར
19b5 ཀྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུ་གྲིང་ལ། ལར་ནི་མཚོན་གི་བསྐལ་པ་བསྟན་ཏེ། དེ་དག་ཚོགས་ཤིང་གཅིག་ལ། གཅིག་གསོད་པའི་དུས་ལ་བབ་པ་ན། དེ་དག་དམ་པའི་ཆོས་ལ
19b6 འཇུད་པར་བྱེད་དེ། སེམས་ཅན་རྣམས་མཚོན་གྱི་བར་གྱི་བསྐལ་དཔ་འོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུ་ཀྲི་པ་ལ་ལར་ནི་སེམས་ཅན་རྟག་པའི་འདུ་ཤེས་ཅན་རྣམས་ལ་མྱི་རྟག་པའི་འདུ་ཤེས་བསྟན་པའི
19b7 ཕྱིར། སྲེག་པའི་བསྐལ་པ་བསྟན་ཏེ། སེམས་ཅན་རྣམས་ཀྱིས་བསྲེག་པའི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཇམ་བུ་ཀྲི་ལ་ལར་ནི་སེམས་ཅན་རྣམས་ལ་སྒྲ་སྐད་བསྟན་ཏེ། དེ་དག་སྒྲ་སྐད་ཀྱིས་དྲངས་ནས་ཛེ
19b8 པར་སྒྲོལ་བར་བྱེད་དོ།། འཛམ་བུ་ཀླ་ལ་ལར་ནི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་བདག་ཉིད་ཁབས་བཞི་པོ་རྣམས་སུ་བསྒྱུར་བར་བྱེད་ཅིང་སེམས་ཅན་རྣམས་ཀྱི་ནད་བསལ་བའི་ཕྱིར། བདག་ཉིད་སྨན་དང་ཤིང་ཐམས
19b9 ཅད་དུ་སྦྱར་བར་བྱེད་དོ།། འཛམ་བུ་གླིང་ལ་ལར་ནི་ཡ་མཚན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བར་ཡང་སྟོན་ཏེ། ཐམས་ཅད་དུ་མཁན་པོ་བྱེད་ཅིང་མཆོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས