e-texts navigator
Collection
Volume
Page
Wylie

19a1 བྱ་བ་ཙམ་དུ་ཟད་དོ།། འཛམ་བུ་གླིང་ལ་ཡར་ནི་ངས་འགྲོ་བ་བཞི་པོ་རྣམས་སུ་སྐྱེ་བ་སྟོན་ཏེ། དེའི་ལས་བྱེད་པ་ཡང་མ་ཡིན་ནོ།། དུད་འགྲོའི་སྐྱེ་གནས་སུ་འཇུག་པ་ཡང་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།།
19a2 འཇས་བུ་ཀྲིཔ་ལ་ལར་ནི་ངས་ཚངས་པའི་གཟུགས་བསྟན་ཏེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ལ་བགེགས་བྱ་བ་བསྟན་ནས་དམ་པའི་ཆོས་ལ་འགོད་པར་བྱེད་ལ་དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས
19a3 ཀྱིས་ཚངས་པའི་བདག་པོ་སྙམ་དུ་ཡང་དག་པར་ཤེས་སོ།། དེ་བཞིན་དུ་ལྷ་ཐམས་ཅད་གི་གནས་སུ་དེའི་གཟུགས་གིས་བཀྱེགས་བྱས་ནས་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་འགོད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་ལྷ
19a4 ཐམས་ཅད་ཀྱི་གནས་ཀྱི་བདག་པོའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཇམ་བུ་ཀྭིབ་ལ་ལར་ནི་ངས་སྨད་འཚོངས་རྣམས་ངེས་པར་བསྒྲལ་བའི་ཕྱིར་སྨད་འཚོང་མའི་ཁྱིམ་དུ་འགྲོ་བ་བསྟན་ལ། བལ་འདོད་པའི་ཉེས་པ
19a5 ཡང་མྱི་སྐྱེ་སྟེ། ཆུའི་ནད་ཀྱི་པད་མ་བཞིན་དུ་པལ་འདོད་པ་རྣམས། ཀྱིས་ངེས་པར་མི་ཀོས་སོ།། ང་ནི་འདོད་པ་ལ་ཆགས་པའི་སེམས་ཅན་རྣམས་འདོད་པའི་ཆུ་བོ་ལས་ངེས་པར་བསྒྲལ་བའི་ཕྱིར། བཞི
19a6 མདོ་དང་སུམ་མདོ་ཐམས་ཅད་དུ་ཡང་སྣང་མོད་ཀྱི་དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ནི་ཡུལ་རྒྱུ་བ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུ་ཀྲི་ལ་ལར་ནི་དམངས་མོ་ཞེས
19a7 དམ་པའི་ཆོས་ལ་གཟུད་པའི་ཕྱིར་ང་རོལ་མོའི་གནས་སུ་འགྲོ་བར་བྱེད་མོད་ཀྱི། ང་ནི་ལས་དེ་བྱེད་པ་ཡང་མ་ཡིན་ནོ།། འཛམ་བུ་ཀླིང་ལ་ཨར་ནི་བྱིས་པ་རྣམས་ངེས་པར་བསྒྲལ་པའི་ཕྱིར་ཡི་གེ་སློབ་པའི་སར་སོང་སྟེ། གྲ་དཔོན་བྱེད་ཅིང
19a8 བྱིས་པ་རྣམས་སློབ་པར་བྱེད་དོ།། འཛས་བུ་གྲིབ་ལ་ཡར་ནི་སེམས་ཅན་དེ་དག་བསྐལ་བའི་ཕྱིར་ང་ཆང་འཐུང་བར་བྱེད། རྒྱན་པོས་རྩེ་བར་བྱེད། གཡེངས་པ་ལ་དཀའ་བར་བྱེད་དེ། ལས་ཆེན་པོ་དེ་དག་བྱེད་མོད་ཀྱི། བནི་ལས
19a9 དེ་བྱེད་པ་ཡང་མ་ཡིན་ལ། སེམས་ཅན་རྣམས་ཀྱིས་འདི་ནི་ལས་དེ་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་གླིང་ལ་ལར་ནི་བྱ་དཀོད་དང་ཁྲ་རྣམས་ངེས་པར་བསྒྲལ་བའི་ཕྱིར། ང་དུར་ཁྲོད་དུ་འགྲོ་བར་བྱེད་མོད་ཀྱི




iiif viewer powered by OpenSeadragon

18b - 19b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo