e-texts navigator
Collection
Volume
Page
Wylie

18b1 ངས་རྒྱལ་ཁྲིམས་འཆས་པ་ཕས་པ་བྱུང་བ་ལྟ་བུར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་ཕམ་པ་བྱུང་བའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ལ་ནི་སྔན་ཆད་གཡེལ་བར་གྱུར་པ་མྱེད་དོ།། འཛམ་བུ་གླིང་ལ
18b2 ལར་ནི་ངས་བདག་ཉིད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགྲ་བཅོམ་པ་གསོད་པ་དང་། ཕ་མ་གསོད་པ་དང་། བདག་ཉིད་དགེལ་འདུན་གྱི་དབེན་བྱེད་པར་སྟོནད་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས
18b3 ཅན་འདི་ནི་མཚམས་མྱེད་པ་ལྔའི་ལས་བྱེད་པ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ཡང་དེ་ལྟ་བུའི་ལས་བྱེད་པ་མ་ཡིན་ལ། ལྷ་དང་བཅས་པའི་འཇིག་རྟེན་ན་ཡང་སུས་ཀྱང་དགེ་འདུན་འབྱེད་མྱི་ནུས་སོ།། འཛམ
18b4 བུ་གླིཔ་ལ་ལར་ནི་ངས་དམ་པའི་ཆོས་སྤོང་བ་དང་། བདག་ཉིད་འདོད་ཆེན་པར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་ནི་དེས་པའི་ཆོས་སྤོང་བ་དང་། འདོད་ཆེན་པའོ་སྙམ་དུ་ཡང་དག་པར་ཤེས་ལ
18b5 འདོད་ཆེན་པ་ལྟ་བུར་བསྟནད་པ་ནི། མ་འོངས་པའི་སེམས་ཅན།། རྣམས་ཀྱི་ཕྱིར་ཏེ། འཇིག་རྟེན་པ་ནི་རྟག་ཏུ་འདོད་ཆེན་པ་མ་ཡིན།། གྱི། སངས་རྒྱས་ནི་འདོད་ཆེན་པ་མ་ཡིན་ནོ།། འཛམ་བུ་གླིང་ལ
18b6 ལར་ནི་ངས་དམ་པའི་ཆོས་འབྱིན་པར་བསྟན་ཏེ། སེམས་ཅན་རྣམ་ས་ཀྱིས་ཀྱེ་མ་དམ་པའི་ཆོས་ཀྱི་ཕྱོགས་འཛིནད་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འདི་ནི་སངས་རྒྱས་རྣམས་ཀྱི་རང་བཞིན་ཏེ། འདི་ནི
18b7 ཆོས་ཉིད་ཡིན་པས་ངོ་མཚར་ཆེ་བ་མྱེད་དོ།། འཛམ་བུ་ཀླིང་ལ་ལར་ནི་ང་བདུད་བགྱེགས་བྱེད་པ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་བདུད་སྡིག་ཅན་སྙམ་དུ་ཡང་དག་པར་ཤེས་ལ། པད་མ་ཆུས་མྱི་གོས་པ་བཞིན་དུར
18b8 ལ་བདུད་གི་ཉེས་པས་མི་ཀོས་ཨོ།། འཛམ་བུ་གླིང་ལ་ཡར་ནི་བུད་མྱེད་ཀྱི་གཟུགས་ཀྱིས་འཚང་རྒྱ་བར་སྟོན་ད་ཏེ། སེམས་ཅན་ཡིད་གཉིས་ཟ་བ་རྣམས་ཀྱིས་བུད་མྱེད་འཚང་རྒྱ་བར་བྱེད་དོ་སྙམ་དུ་ཡང་དག་པར་ཞེས་སོ།། དེ་བཞིན
18b9 གཤེགས་པ་ནི་རྟག་ཏུ་སྐྱེས་པ་ཁོ་ན་ཡིན་བཞིན་དུ། སེམས་ཅན་རྣམས་གདུལ་བའི་ཕྱིར་གཉི་ག་ཡང་སྟོནང་ཏོ།། དེ་བཞིན་དུ་གཟུགས་དུ་མའི་ཐབས་ཀྱི་ཕྱོགས་ལ་འཇུག་པ་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་འཇིག་རྟེན་དང་མཐུན




iiif viewer powered by OpenSeadragon

18a - 19a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo