e-texts navigator
Collection
Volume
Page
Wylie

18a1 རྐང་པ་པད་མའི་འདབ་མདོག་འདྲ་བ་དང་། ཁ་ནས་ཨུད་པ་ལའི་ཏྲི་འབྱུང་བ་དང་། མྱིག་དཔེ་མྱེད་པར་བཟང་བ་དེ་དག་ཀྱང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། སེམས་ཅན་རྣམས་ཀྱིས་ནི་ཐམས་ཅད་མི་ཆུ།
18a2 དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་སོ།། ཕྱག་དར་ཁྲོད་གི་གོས་ས་ལས་བླངས་ཏེ། འཁྲུ་བ་ལྟ་བུར་སྣང་མོད་ཀྱི་ཕལ་དེ་དགོས་པ་མྱེད་དོ།། སེམས་ཅན་རྣམས་ཀྱིས་ནི་མྱི་དངོས་པོར་ཡང་དག་པར་ཤེས་ཏེ། སྒྲ་གཅན་ཟིན
18a3 གི་པར་བསྟནད་པ་དང་། ཟས་ཀཙང་དང་སྒྱུ་འཕྲུལ་པ་མར་བསྟནད་པ་ཡང་འཇིག་རྟེན་གི་དོན་ཡིན་ནོ།། འཇིག་རྟེན་ཀི་བདེ་བ་མྱོང་བར་ངེས་པར་འབྱུང་སྟེ། ནགས་ཚལ་དུ་རབ་ཏུ་བྱུང་བ་དང་། རྒྱལ་པོའི་བུ་གོའུ་ཏ་མ་ཞེས་བྱ།
18a4 བ་ནི། འདོད་པ་དང་འདོད་པ་མ་ཡིན་པ་དང་། བདེ་བ་དང་བདེ་བ་མ་ཡིན་པ་བྱེ་ཕྲག་ཕྱེད་པར་གྱུར་ནས། མྱ་ངན་ལས་འདས་པའི་བདེ་བ་ཆོལ་ལོ་ཞེས་བྱ་བ་འདི་ཡང་བྱས་པ་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར
18a5 རོ།། དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་བྱུང་བ་ཡིན་ཏེ། སྒྲ་ཀཅན་ཟིན་གྱི་ཕར་གྱུརྡ་པར་བསྟནད་པ་དང་། རང་གི་ཕ་མ་བསྟ། ནད་པ་ཡང་འཇིག་རྟེན་དང་མཐུན་པ་བྱ་བ་ཙམ་དུ་ཟད་དོ།། ལྷ་དང
18a6 མྱི་དང་ལྷ་མ་ཡིན་རྣམས་ཀྱིས་ནི་མྱི་དེ་བཞིན་གཤེགས་པའི་སྙམ་དུ་ཡང་དག་པར་ཤེས་སོ།། རིགས་གི་བུ་འཛམ་བུ་གླིང་བ་ལར་ནི། ར་ཡང་དང་ཡང་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྟོན་ཏེ་འོན
18a7 ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ།། རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ། རྟག་པ་དང་བརྟན
18a8 པ་དང་། ཟེར་ཐུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་སྟོནད་པ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འཛའུ་གླིང་ལ་ལར་ནི་སྐྱེ་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་ཡང་དག་པར་ཤེས་སོ།།
18a9 ངའི་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་བྱ་བ་བྱས་ཟིན་མོད་ཀྱི། དེང་ཡང་གོ་འཕང་ཐམས་ཅད་ཀྱི་དོན་ཐོབ་པའི་མཐར་ཐུག་པར་བསྟནད་ཏེ། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུ་གླིང་ལ་ཡར་ནི།




iiif viewer powered by OpenSeadragon

17b - 18b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo