e-texts navigator
Collection
Volume
Page
Wylie

17b1 ངས་རྒྱ་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲ་བཅོམ་པ་ཉིད་ལས་སོགས་པ་དང་། མ་བར་ད་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསྟན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་ས
17b2 མྱུར་བ་ཁོ་ནར་བླ་ན་བྱེད་པའི་དགྲ་བཅོམ་པར་གྱུར་ད་ཏོ་སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་ཀྱང་དགྲ་བཅོམ་པའི་བྱ་བ་མ་བར་གཏུགས་ཟིན་མོད་ཀྱི། བྱང་ཆུབ་གི་ཤིང་དྲུང་དུ་རྩཝ་བཏིང་བ་ལ་འདུན
17b3 པ་དང་། བདུད་འདུལ་བར་བསྟན་པ་ན། འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་ཏེ། བདུད་ཕམ་པར་བྱས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ་སྙམ་དུ་སེམས་ཅན་རྣམ་གྱིས་ཡང་དག་པར་ཤེས་སོ།། པ་ནི
17b4 བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་ཉོན་མོངས་པའི་རྣམ་པར་དཔ། ལྷ་དང་རང་བཞིན་གྱི་བདུད་ཕམ་པར་བྱས་ནས་བདུད་རྩིའི་མཆོག་རྟོགས་སོ།། རས་ནི་བཤད་པ་དང་གཅི་བ་དང་། དབུགས་རྔུབ་པ
17b5 དང་བ་བྱུགས་འབྱུང་བའི་བྱ་བ་སྟོན་མོད་ཀྱི། ངའི་ལུས་ལ་རྒྱུ་དང་། འཐུན་པ་དང་། རྣམ་པར་སྨིནད་པ་མྱེད་དོ།། སེམས་ཅན་རྣམས་ཀྱིས་ནི་མྱི་དང་འདྲའོ་སྙམ་དུ་ཡང་དག་པར་ཞེས་ཏེ། འདི་ནི་འཇིག་རྟེན
17b6 དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། སེམས་ཅན་རྣམས་ཀྱིས་པས་ཟའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ངའི་ལུས་ལ་བཀྲེས་པས་ཉམ་ཆུང་བ་མྱེད་དེ། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།།
17b7 ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་བསྒྲུབས་ཏེ། སྲིད་པ་རྣམ་པར་སྤངས་ཀྱང་ཉལ་བ་ལྟ་བུར་སྟོན་ཏེ། འོ་ནད་ཀྱང་ངའི་ལུས་ལ་གཉིད་དང་སྐྱིགས་བུ་དང་། གླལ་པ་དང་། རུ་ཤིང་ན་བ
17b8 དང་། ཀླད་པ་ན་པ་རྣམས་མྱེད་དོ།། ཉལ་བར་བྱེད་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་།། འགྲེང་བ་དང་། འཆག་པ་དང་། རྩིག་བརྣམས་པ་དང་། རྐང་པ་སྦྱང་བ་དང་། ལུས་གི་ཁྱོད་ལམ་བྱེད་པར་སྣང་མོད་ཀྱི།
17b9 ངའི་ལུས་ལ་དེ་ལྟ་བུའི་གནོད་པས་རྣམས་བྱེད་དོ།། རྐང་པ་ལ་ཞུ་བ་དང་སྤུས་གིས་བྱུག་པ་དང་། ཅུ་གྱད་པ་དང་། སོ་ཞིང་བ་དང་། བྱིག་སྨན་གིས་སྐུད་པར་སྣང་མོད་ཀྱི། ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་བྱེད་དོ།།




iiif viewer powered by OpenSeadragon

17a - 18a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo