| e-texts navigator |
| Wylie |
17a1 བར་བྱ་བ་ཙམ་དུ་ཡང་ངོ་དོ།། འཛས་བུ་གྲིབས་ལར་ནི་ངས་ཡི་གེ་སློབ་པའི་སར་འགྲོ་བ་བཱསན་མོད་ཀྱི། འཇིག་རྟེན་གསུམ་མངའི་མཁན་པོར་རུང་བ་མཐོང་སྟེ། ང་ཉིད་སེམས་ཅན་ཐམས་ཅད་ཀྱི་མཁན་པོ་ཡིན་ནོ།།
17a2 དེས་ན་པའི་མྱིར་ནི་ཐམས་འདུ་མཁྱེན་པ་ཞེས་བྱའོ།། ང་ནི་བསྐ་ཡ་འབྱེ་བ་གྲངས་མྱེད་པ་ནས་ཀྱང་ཡི་གེ་གྲོཟ་པའི་སན་གནས་པའི་ལས་འདས་ཏེ། བྲན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཞེས་ན། འོན་ཀྱང་སེམ
17a3 ཅན་རྣམས་ཀྱིས་ཁྱེའུ་འདི་ཡི་གེ་འདི་བསླབ་པའི་སར་སོང་སྙམ་དུ་ཡང་དག་པར་ཞེས་ཏེ། འདི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་པར་ཁོང་དུ་ཆུད་པར་གིས་ཤིག། འཛམ་བུ་གྲིང་ལ་ལར་ནི་ངས་གླང་པོ་ཆེ་དང་རྟ་དང་ཞིང
17a4 རྟ་དང་། དཔུང་བུ་ཆུང་དང་། རིན་པོ་ཆེ་སྣ་ཚོགས་དང་། རྟེར་དང་རྒྱལ་སྲིད་གི་དབང་ཕྱུག་རྣམས་ཀྱང་བསྟན། རྒྱལ་འཆབ་བྱེ་བ་ཡང་བསྟན་ཏེ། ངས་ནི་སྔོན་བསྐལ་དཔ་བྱེ་བ་ཕྲག་གྲངས་མྱེད་པ་ནས་ཀྱང་འདོད་པའི་ལོངས་སྤྱོད
17a5 རྣམས་སྤངས་མྱོས་ཀྱི་རྒྱལ་འཚ་བ་ནི་འདོད་པ་རྣམས་ལ་ལོངས་སྐྱེད་དོ་སྙམ་དུ་ཡང་དག་པར་ཞེས་སོ།། འཛམ་བུ་གྲིང་ལ་ཡར་ནི་ངས་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་བསྟན་ཏེ། རས་ནི་བསྐུལ
17a6 པ་བྱེ་བ་ཕྲག་མང་པོ་གྲངས་མྱེད་པ་ནས་དེ་སྤངས་ནས། ཆོས་ཀྱི། འཁོར་ལོ་བསྐོར་ཏེ། ངས་དེ་བུའི་ན་བཞིན་དུ་བོར་ནས་རྒྱལ་སྲིད་ནི་ཡོངས་སྤྱོད་ཡོངས་སུ་འཛིནད་པ་སྤངས་ནས། འོན་ཀྱང་སེམས
17a7 ཅན་རྣམས་ཀྱིས་འཁོར་སྒྱུར་བའི་རྒྱལ་པོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུ་གླིང་ལ་སར་ནི་ངས་རྒན་པོ་ནད་པ་དང་ཞི་བ་ཟོས་ནས་སྐྱོ་བར་གྱུར་ཏེ།
17a8 གར་ཐབས་ལྟ་བུའི་བདེ་བ་ཐམས་ཅད་སྤངས་ནས་རབ་ཏུ་བྱུང་བ་བསྟན་ཏོ།། སེམས་ཅན་རྣམས་ཀྱིས་ཀྱེ་མ་གཞོན་ནུ་ནི་རབ་ཏུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་རབ་ཏུ་བྱུང་བའི
17a9 མཐར་གཏུགས་ཟིན་མོད་ཀྱི། སྐྱོ་བར་གྱུརང་རབ་ཏུ་བྱུང་བར་ལྟ་བར་སྟོན་པ་ནི། འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་སྟོད་ད་ཏོ།། ངོས་བསྙེན་པ་རྫོགས་པ་ལྟ་བུར་བསྟན་པ་དེ་ཡང་འཇིག་རྟེན་ངེས་པར་བསྒྲལ་བའི་ཕྱིར་རོ།།