e-texts navigator
Collection
Volume
Page
Wylie

16b1 སྟེང་གི་ཕྱོགས་ཆ་ལོག་སུ་གོམ་པ་བདུན་བོར་ནས། མྱུར་ཏུ་ནམ་མཁའ་བཞིན་དུ་རུང་བ་མ་ཡིན་པའི་ཆོས་ཐམས་ཅད་ཀྱིས་ལུས་མྱི་གོས་པས་བྱའོ་ཞེས་ཟེར་རོ།། འོག་གི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས། སེམས་ཅན་དམྱལ།
16b2 བ་ཐམས་ཅད་གི་སེམས་ཅན་དམྱལ་བའི་བྱེ་བསད་པར་བྱ་བའི་ཕྱིར་སྤྲིན་ཆེན་པོ་སྟེར་ཆོས་ཀྱི་ཆར་དབབ་པར་བྱ་སྟེ། དེ་དག་བདེ་བ་དང་ལྡན་པར་བྱའོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་སེར་བ་ལྟ་བུར་འགྱུར་བར་བྱའོ། ཞེས་ཟེར་རོ།།
16b3 འཛམ་བུ་ཀླི་ལ་ཡར་ནི་ང་གཙུག་པུད་འཆང་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བྱིས་པའི་གཙུག་ཕུད་བཅས་སོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ལྷ་དང་བཅས་པའི་འཇིག་རྟེན་ན་ངའི་འགོ་བོ་ནས་འཛིནད་ཅིང་སྐྲ་གཅོད་ནུས་པའི།
16b4 མྱི་སུ་ཡང་མྱེད་དེ། སྔོན་བསྐལ་པ་གྲངས་མྱེད་པ་ནས་ཀྱང་ངས་ཀ་ཅུག་ཕུད་བཅའ་བའི་མཐར་གཏུགས་ཟིན་པས་ན། སུ་གྲིས་ངའི་སྒྲ་ཆོད་ནུས་པར་འགྱུར་བ་ནི་མྱི་སྲིད་དོ།། འདི་ནི་འཇིག་རྟེན་དང་འཐུན་པར་བྱ།
16b5 བ་ཙམ་དུ་ཟད་དེ། གཙུག་པུད་བཅའ་བ་ནི་བྱིས་པ་འབའ་ཞིག་ལ་བྱ། པ་ཡིན་ནོ།། འཛམ་བུ་གླིང་ལ་ལ་ནི་དབང་ཕྱུག་ཆེན་པོ་ལ་ལྦ་གང་། ཏུ་འགྲོ་བར་ཡང་སྟོན་ཏེ། དེར་དབང་ཕྱུག་ཆེན་པོ་དང་ཚངས་པ་དང་།
16b6 འཇིག་རྟེན་སྐྱོང་བ་རྣམས་ཀྱིས་པ་མཐོང་ན་ངའི་ཞབས་ལ་ཕྱག་འཆས་ཏེ། ཐལ་མོ་སྦྱོར་ཞིང་འདུག་གོ།། ང་ནི་སྔོན་བསྐལྡ་པ་བྱེ་བ་ཕྲགགྲངས་མྱེད་པ་ནས་ཀྱང་ལྷ་དང་མྱེ་དང་ལྷ་མ་ཡིན་རྣམས་ཀྱི་ལྷའི་ཡང་ལྷ།
16b7 ཡིན་པས་ན། ནམས་ཀྱང་དབང་ཕྱུག་ཆེན་པོའི་ལྷ་གང་དུ་མྱི་འགྲོ་སྟེ། དེར་འགྲོ་བ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་འཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུ་གླིང་ལ་ལར་ནི་ངས་རྣ་བ་དབུག་པ་བསྟན་མོད་ཀྱི།། ངའི་རྣ་བ
16b8 འབྱིགས་ནུས་པའི་མྱི་མྱེད་དོ།། འཛབ་བུ་ཀྲི་ལ་ལར་ནི་ངས་རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་བྱིས་པ་འདི་ནི། རྣ་ཆ་ཆུབ་ཀོར་སེང་གེ་ཅན་ཐོགས་པའོ་སྙམ་དུ་ཡང་དག་པར་ཤེས
16b9 མོད་ཀྱི། ང་ནི་སྔོན་བསྐལ་པ་བྱེ་བ་གྲངས་མྱེད་པ་ནས་ཀྱང་བྱིས་པའི་དངོས་པོ་ལས་ལོག་པས་ན། ངལ་མཆ་གདུབ་ཀོར་སེ་གེ་ཅན་བཏགས་པ་མྱེད་དེ། ན་མཛུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན་པ་ནི། འཇིག་རྟེན་དང་མདུ།




iiif viewer powered by OpenSeadragon

16a - 17a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo