| e-texts navigator |
| Wylie |
16a1 མྱ་ངན་ལས་འདའ་བར་ཡང་མྱི་བྱེད་དོ།། འཛམ་བུ་གླིང་ལ་ལར་ནི་ངས་ཕ་མ་གཉིས་གི་ཟླ་མཚན་གི་དུས་སུ་མངལ་དུ་སྐྱེ་བར་སྟོན་ཏེ། དེ་གཉིས་ཀྱིས་ཀྱང་བདག་ཅག་གཉིས་ཀྱི་བུར་འགྱུར་རོ་སྙམ་དུ་ཡང་དག་པར་ཤེས
16a2 སོ།། ང་ནི་བསྐལ་པ་མང་པོ་བྱེ་བ་ཕྲག་གྲངས་མྱེད་པ་ནས་ལན་འགའ་ཡང་འཁྲིག་པ་ལས་མ་སྐྱེས་ཏེ། འཁྲིག་པ་ལས་སྐྱེས་པའི་ལུས་ལས་རྒལ་བས་ན་ཤའི་ལུས་མ་ཡིན་ག་ཆོས་གི་སྐུ་ཡིན་ནོ།། འཁྲིག་པའི་མངལ་དུ་འཇུག
16a3 པ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བའི་ཐབས་ཙམ་དུ་ཟད་དོ།། རིགས་ཀྱི་འཇམ་བུ་གླིང་ལ་ལར་ནི། དབུ་བཙའ་བའི་བར་དུ་བུར་འསྐྱེ་བར་ཡང་སྟོནད་ཅིང་། སྙེད་མོས་ཚལ་གི་གནས་སུ། བཙའ་བ་ལྟ་བུར་ཡང་མྱི་འགྱུར་ཏེ། སྐྱེན
16a4 པར་ལངས་ནས་བྱང་ཕྱོགས་སུ་ཁ་ལྟས་ཏེ། གོམ་པ་བདུན་བོར་ནས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གི་བླ་ན་མྱེད་པར་འགྱུར་བར་བྱའོ།། ཞེས་ཟེར་ཏེ། སེམས་ཅན་རྣམས་ཀྱིས་ནི་བྱིས་པ་བཙས་མ་ཐག་ཏུ་གོམ
16a5 པ་བདུན་འདོར་བ་སྔན་ཅད་བདག་གིས་མ་མཐོང་སྟེ། ཀྱེ་མ་བདག་གི་བུ་ནི་ལྷོའི་བུ་ཞིག་ཀོ་སྙམ་དུ་ཡང་དག་པར་ཞེས་སོ།། སེམས་ཅན་མང་པོ་གཞན་དག་ཀྱང་ངོ་མཚར་དུ་འཛིནད་ཏེ། འོ་ནད་ཀྱང་ང་ནི
16a6 བསྐལ་པ་བྱེ་བ་ཕྲག་གྲངས་མྱེད་པ་ནས་བྱིས་པའི་དངོས་པོ་ལས་ལོག་པས། ནམས་ཀྱང་བྱིས་པས་མ་གྱུར་ད་ཏེ། ད་ནི་ཆོས་ཀི་སྐུ་ཡིན་ཀི་རུས་པ་དང་རྒྱུས་པ་དང་ཤ་དང་ཁྲག་ཀི་ལུས་མ་ཡིན་ལ་བྱིས་པཱ
16a7 འགྱུར་བ་ཡང་སྟོན་པ་ནི། འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། པང་ནས་ལངས་ཏེ་ལྷོ་ཕྱོགས་ཆ་ལུགས་སུ་གོམ་པ་བདུན་བོར་ནས་འཇིག་རྟེན་གི་ཐམས་ཅད་དུ་ཡོན་གནས་སུ་འགྱུར་བར་བྱའོ་ཞེས་ཟེར་རོ།། ནུབ་གི་ཕྱོགས་མ
16a8 ལོགས་སུ་གོས་པ་བདུན་བོར་ནས། སྐྱེ་བ་དང་རྒ་བ་དང་ན་བ་དཔའཆི་བ་རྣམས་སྤངས་ཏེ། ལུས་ཀི་ཁ་མར་གཏུག་པར་བྱའོ་ཞེས་ཟེར་རོ།། ཤར་ཕྱོགས་སུ་ཁ་ལྟས་ཏེ་གོམ་པ་བདུན་བོར་ནས་སེམས་ཅན་ཐམས་ཅད་ཀྱི་ཐོག་མར་འགྲོ
16a9 བར་བྱའོ་ཞེས་ཟེར་རོ།། ཕྱོགས་འཚམས་སུ་གོམ་པ་བདུན་བོར་ནས། ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གི་བདུད་བཅོམ་སྟེ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་ཟེར་རོ།།