e-texts navigator
Collection
Volume
Page
Wylie

14b1 སྩལ་པ། རིགས་གི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་མངོན་གསུམ་དུ་སྒྲ་གཅན་ཟིན་གི་མ་དང་ལྷན་ཅིག་ཏུ་འདོད་པ་རྣམས་བསྟེནད་པ་དང་། སྒྲ་གཅན་ཟིན་གི་ཡབ་ཏུ་གྱུར་པ།
14b2 ཡང་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱི་འདོད་པའི་ཆུ་བོ་ལས་ངེས་པར་རྒལ་བ་མ་ཡིན་ནོ་ཞེས་དེ་སྐད་མ་ཟེར་ཅིག། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། སེམས་གུད་དུ་མ་གཡེང
14b3 བར་ཉོན་ལ་ཐོས་ནས་ཀྱང་གཞན་དག་ལ་སྟོན་ཅིག། དེས་སྐྲག་པར་མ་བྱེད་ཅིག། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་རིའི་རྒྱལ་པོ་རི་རབ་དེ་ལྟར་མཐོང་ཞིང
14b4 དེ་ལྟར་བག་མུ་ཆེ་བ་ཡུངས་འབྲུའི་ཁོང་དུ་འཇུག་པར་བྱེད་ལ། རི་རབ་ལ་གནས་པའི་སེམས་ཅན་རྣམས་ལ་ཡང་གདོན་པར་མྱི་ལུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་ཀང་དུ་སོང་། གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་མི་ཞེས
14b5 ཤིང་མྱི་མཐོང་ངོ་། སེམས་ཅན་གཞན་དག་གིས་ནི་བྱང་ཆུབ་སེམ་ས་དཔའ་སེམས་དཔའ་ཆེན་པོ་འདིས་རིའི་རྒྱལ་པོ་རི་རབ་ཡུངས་འ་བྲུའི་ཁོང་དུ་བཅུག་སྟེ། སྦས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང
14b6 ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དེ། མདོ་ཆེན་པོ་འདིས་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡུལ་ནི་དེ་ལྟ་བུ་ཡིན་ནོ།།
14b7 རིགས་གི་བུ་དེ་བས་ཀྱང་ལྷག་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེ་ན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་ཡུངས་འབྲུའི་ཁོང་དུ
14b8 འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མྱི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཤན་དུ་སོང་གང་དུ་ཁྱེར་ཀེང་དུ་བཅུག་སྙམ་དུ་མྱི་ཞེས་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་མི་འདིས་འདས་འདི་སྐར
14b9 བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

14a - 15a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo