e-texts navigator
Collection
Volume
Page
Wylie

14a1 པ་ཡང་དེ་དང་འདྲ་བར་འགྱུར་ན་ནི། མི་རྟག་པར་འགྱུར་ལགས་སོ།། བཀའ་སྩལྡ་པ། དེ་བཞིན་གཤེགས་པ་ནི་རྟག་སྟེ། བདག་ཉིད་མེ་ལྟར་གྱུར་ནས་ལྕགས་དང་འདྲ་བའི་སེམས་ཅན་མང་པོ་རྣམས་ཡེ་ཤེས་ཀྱི་མེས།
14a2 བདའ་སྤྲད་ནས། ཡང་དག་པ་མ་ཡིན་པ་མ་ཡིན་པའི་ཉོན་མོངས་པ་རྣམས་ཟད་པར་མཛད་དོ།། གསོལྡ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ལུས་པར་བཤད་དུ་གསོལ།
14a3 བཀལ་སྤྲུལ་པ། རིགས་གི་བུ་གཞན་ཡང་དཔེ་ན། འཁོར་ལོས་སྦྱར་བའི་རྒྱལ་པོ་རང་གི་བཙུན་མོ་འཁོར་དུ་སོང་གི་ལས་ཡང་ཅིག་སྐྱེད་མོས་ཆས་གཞན་ཞིག་དུ་བྱུང་སྟེ། དེ་དེར་སོང་ནས་ཆེ་བར་བྱེད་པ། གང་གི་ཚེ་རྒྱལ་པོ་དེ་བདུན
14a4 མོའི་འཁོར་ནས་མི་སྣང་བར་གྱུར་པ་དེའི་ཚེ། ཤིའོ་སྙམ་པའི་འདུ་ཤེས་བསྐྱེད་པར་མྱི་བྱའོ།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་ཆོས་ཉིད་ལས་ཉམས་པར་མྱི་འགྱུར་ཏེ། རྒྱལ་པོ་དང་འདྲ་བར་འཇམ
14a5 བུ་གླིང་དུ་དེ་བཞིན་གཤེགས་པ་མི་རྟག་པར་གྱུརྡ་ཏོ་ཞེས་གྲོང་། ས་པོ་ལ་འདུ་ཤེས་བསྐྱེད་པར་མྱི་བྱའོ།། ཇི་ལྟར་རྒྱལ་པོའི་བཙུན་མོ། འཁོར་ནས་བསྐྱེད་མོས་ཚལ་དུ་སོང་སྟེ། བརྩེ་བ་བཞིན་དུ། དེ་བཞི
14a6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉོན་མོངས་པའི་རྣམ་པ་ཉིད་ཀྱི་བཙུན་མོ་འཁོར་ལྟ་བུ་ལས་དེས་པར་བྱུང་སྟེ། ཉོན་མོངས་པ་མྱེད་པར་བཅོམ་ལྡན་འདས་གཟུངས་སྣ
14a7 ཚོགས་དང་། བྱང་ཆུབ་ཀྱི་ཡན་ལག་ཀྱི་མྱེ་ཏོག་སྣ་ཚོགས་དང་ལྡན་པའི་སྐྱེད་མོས་ཚལ་དུ་གཤེགས་ནས། དེ་བཞིན་གཤེགས་པ་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་སྐུའི་ཐབས་སྟོན་པ་སྣ་ཚོགས་ཀྱིས་རོ་ཡོད་པར་མཛད་དོ།། གསོལ་དང
14a8 དེ་བཞིན་གཤེགས་པ་བསྐལ་པ་གྲངས་མྱེད་པ་བྱེ་བ་སྙེད་ཀྱིས། ཉོན་མོངས་པའི་རྒྱ་མཚོ་ངེས་པར་རྒསད་ཅེས་བགྱི་བ་འདི་ལ་གཏན་ཚིགས་བཀའ་སྩལ་པ་འཚལ་ལོ།། ད་ལྟར་མངོན་གསུམ་དུ་དེ་བཞིན་གཤེགས་པ་སྥ་ཀ་ཅན་ཟིན་གི་མ
14a9 དང་ལྷན་ཅིག་ཏུ་འདོད་པ་རྣམས་སྟེནད་པ་དང་། སྨ་གཅན་ཟི་ནད་གི་ཡབ་ཏུ་གྱུར་པ་ཡང་བསྟན་ཏེ། དེ་བས་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་མ་བྱེ་བ་སྙེད་ཀྱིས་འདོད་པའི་བུ་པོ་ལས་ངེས་པར་རྒལ་བ་མ་ལགས་སོ།། བཀའ




iiif viewer powered by OpenSeadragon

13b - 14b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo