| e-texts navigator |
| Wylie |
13b1 ལྕགས་ཀྱི་ཀར་བུ་མེ་འབར་བ། རྡུང་བའི་ཚེ་ན་ཁད་ཀྱིས་ནི། གྲང་བར་གྱུར་ཀྱང་མྱེའི་དྲོད།། གང་དུ་སོང་བ་མྱི་རིག་ལྟར།། དེ་བཞིན་ཡང་དག་རྣམ་གྲོལ་བ།། འདོད་པའི་འདམ་དུ་ཆུ་བ་རྒལྡ།། མྱི་གཡོ་བདེ་བ་ཐོབ་རྣམས་ཀྱང་།།
13b2 གང་དུ་སོང་བ་གདགས་སུ་མྱེད།། ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ཁྱོད་དེ་བཞིན་གཤེགས་རྣམས་མྱེད་པར་འགྱུར་བའི་འདུ་ཤེས་སུ་ལྟ་བས་སྙིང་མྱི་དཀར་མ་བྱེད་ཅིག། ལྕགས་དང་མདོ་ལྕགས་ཤེས་བྱ་བ་ནི་དོན་ཐ་དད་པ
13b3 མ་ཡིན་ཏེ། ལྕགས་མྱེ་འབར་བ་ལས་གྲངས་པར་གྱུར་པ་ལས་བཞིན་དུ། དེ་བཞིན་གཤེགས་པ་རྣམས་མྱེད་པར་གྱུར་པའི་གནས་མྱེད་དོ།། ལྕགས་མེ་འབར་བ་ལས་གྲངས་པ་བཞིན་དུ་ཉོན་མོངས་པའི་རྣམ་པ་ཞི་བར་འགྱུར་གྱི།
13b4 གང་གི་ཚེ་ལུགས་མེ་འབར་བ་ལས་གྲངས་པར་གྱུར་པ་ན། ཚ་ཚ་འགྲོ་པ་ཐམས་ཅད་དང་། བཅས་ཏེ་མྱེད་པར་གྱུར་ད་ན་ནི། དེའི་ཚེ་དེའི་བཞིན་གཤེགས་པ་ཡང་མྱི་རྟག་པར་འགྱུར་ན། ལྕགས་དེའི་འོད་དང་བཅས
13b5 པར་མྱེད་པར་འགྱུར་བ་ནི་མི་སྲིད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་འདས་པ་ཆེན་པོ་འདི་དང་བཅས་ཏེ། མྱི་རྟག་པར་འགྱུར་བ་ནི་མྱི་སྲིད་དོ།། ཇི་ལྟར་ལྕགས་ཀྱི་མེ་གྲངས་པར་གྱུར
13b6 པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་བསྐལ་པ་མང་པོ་གྲངས་མྱེད་པ་བྱེ་བ་སྙེད་དུ་བསུགས་པའི་ཉོན་མོངས་པ་རྣམས་ཟད་ནས། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར་གྱུར་ད་ཏེ། དེ་ལྟར་ན་ཡང
13b7 དག་པར་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ནོ།། འདོད་པའི་འདས་ནི་ཉོན་མོངས་པ་རྣམས་ཞེས་བྱ་བའི་དོན་ཏེ། ཉོན་མོངས་པའི་འདམ་དེ་ལས་བསྐལ་པ་གྲངས་མྱེད་པར
13b8 རྒལྡ་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཡ། དེ་བཞིན་ཞེག་ཀྵནནཱ་གདགས་པར་མི་ནུས་ཏེ། དེ་བས་ན། ཡང་དག་ཤེས་པས་རྣམ་གྲོལ་བ།། འདོད་པའི་འདམ་དང་ཆུ་བ་རྒལ།། མྱི་གཡོ
13b9 བདེ་བ་ཐོབ་རྣམས་ཀྱང་།། གང་དུ་སོང་བ་གདགས་སུ་མྱེད།། གསོམེད་པ། བཅོམ་ལྡན་འདས་མི་ལགས།། ཇི་ལྟར་ལུགས་གྲངས་པ་གྱུར་དཀྱ་། སྲད་ཀྱིས་ཡང་ཞུགས་ཀྱིས་ཚ་བར་འགྱུར་བ་བཞིན་དུ། གལ་ཏེ་དེ་བཞིན་གཤེགས