| e-texts navigator |
| Wylie |
13a1 པ་ཡང་བསམ་གིས་ཀྱི་ཁྱབ་བོ།། དེ་བཞིན་དུ་ཉན་པ་པོ་རྣམས་དང་ཡིད་ཆེས་པ་རྣམས་ཀྱང་། བསམ་ཀྱིས་མྱི་ཁྱབ་སྟེ། འདི་ནི་དོན་གི་དམྱིགས་བྱུང་བའི་དབང་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནས
13a2 ནི་དོན་གི་དམྱིགས་བྱུང་བའི་ཕྱིར་དང་། ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། ཆོས་ཀྱི་སྣ་གྲངས་འདི་བཞིས་ཆོས་སྟོནད་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པར་ཆེན་པོ་ནི་དོན་གྱི་དམྱིགས་བྱུང་བའི་དབང་ཞེས་བྱ་བ་ཡིན་པར
13a3 རིག་པར་བྱའོ།། བདག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། དེང་རའི་ལྷག་པའི་བསམ་པས་བསྟནད་པ་བཤད་པས་ན། བདག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན
13a4 པར་རིག་པར་བྱའོ།། གཞན་གི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་། ངས་དགེ་སློང་རྣམས་ཀྱི་བསམ་པ་རྟོགས་ནས། ངའི་རྟག་ཀོ་ཞེས་བསྟནད་པས་ན། གཞན་ཀི་ལྷག་པའི་བསམ་པ་ཡང་ཡོངས་སུ་མྱ་ངན་ལས་འ
13a5 པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ།། འདྲི་བའི་དབང་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་ཆ་འཕྲ་བའི་ཡེ་ཤེས་དང་ལྡན་པ་འོད་སྲུང་ཆེན་པོ་དང་རུས་གཅིག
13a6 པ་ཁྱོད་གི་དབང་དུ་བྱས་ནས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྔོན་མ་ཐོས་པའི་ཚིག་ཡི་གེ་འབྲུ་གཅིག་པའི་ཐིག་ལེའི་གཏམ་དགོངས་པའི་ཚིག་གསང་བ་སྣ་ཚོགས་བསྟནད་པས་ན།
13a7 དེའི་ཕྱིར་དྲི་བའི་དབང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར་བྱའོ།། དེ་ལ་ལ་ཞིག། འདི་ལྟར་ན་ནི་སླུ་བར་གྱུར་པ་ལ། འདི་ལྟར་ན་ནི་སླུ་བར་མྱི་འགྱུར་རོ་སྙམ་སྟེ། དཔེར་ན་མྱི་ལ་ལ་ཞིག
13a8 ནམ་མཁའ་ཞེས་ཀྱང་བེར། མཁའ་ཞེས་ཀྱང་བེར། ཅི་ཡང་བྱེད་པ་ཞེས་ཀྱང་ཟེར། ཐོག་མ་མྱེད་པ་ཞེས་ཀྱང་ལེར་ཏེ། དེ་དེ་སྐད་ཟེར་ན་གཞན་དག་ལ་སླུ་བ་ཡིན་ནོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི
13a9 མདོ་ཆེན་པོ་འདི་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ། བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟག་པ་འདི་ལས་མོས་ནས། ཆོས་ཀི་སཱ་གྲངས་བཞི་པོ་རྣམས་བརྗོད་པར་བྱེད་ན། གཞན་དག་ལ་སླུ་བ་མ་ཡིན་ནོ།།