e-texts navigator
Collection
Volume
Page
Wylie

12a1 བྱུང་བ་དག་ཀྱང་ཡོད། རྩོད་པ་ཞི་བར་བྱ་བ་བདུན་གི་ངེས་པ་བྱུང་བ་དག་ཀྱང་ཡོད། རྟག་དུ་བསླབ་པ་ཐམས་ཅད་ལས་འགལ་བར་བྱེད་པ་དག་ཀྱང་ཡོད། མཚམས་མྱེད་པ་བྱེད་པ་དག་ཀྱང་ཡོད།། མདོ་སྡེ་སྤོང་བ་དག་ཀྱང
12a2 ཡོད། འདོད་ཆེན་པོའི་མཐར་ཐུག་པའི་རྒྱུའི་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ། འདི་ནི་དགེ་སློང་སྡིག་པའི་ལས་བྱེད་པ་ཆོས་ཐམས་ཅད་ལས་ཐལ་བ་དེ་དག། གཞན་དག་གིས་བསྐུལ་ན་ཡང་བདག་ཉིད་མཁས་པ་ཡིན་པར་མངོན
12a3 བའི་ང་རྒྱལ་བྱེད་ཅིང་ཆགས་པར་མྱི་བྱེད་དེ། གསོར་རུང་བ་ཡང་གསང་སྟེ། ཀསར་མྱ་རུང་བ་ཡང་གསང་སྟེ། གསོར་མྱི་རུང་བར་བྱེད་པ་དག་ཀྱང་ཡོད། ཁ་ཅིག་ནི་རུས་སཱལ་ཀི་ལུས་བཞིན་དུ་སྐྱེད་པ་ཡང་ཡོད་དེ། དེ་ལྟར་བདག
12a4 གི་ངེས་པར་ཡུན་རིང་དུ་བཅབས་པས། ཉེས་པ་འབྱུང་ཞིང་སྡིག་པ་བ་སོགས་པར་འགྱུར་བས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མ་ཁྱེནད་པ་ཡིན་པས། སྡིག་པ་ཅན་རྣམས་ལ་གནས་རེ་རེ་ནས་འདྲི་བར
12a5 མཛད་དེ། ཐོག་མ་ཁོ་ནར་གཅིག་བཙས་པ་ན། བསླབ་པའི་གཞི་ཐམས་ཅད་ཅིག་རྩཝ་འཚལ་བར་མྱི་མཛད་དོ།། གསོལྡ་པ། དེ་བ། ཤིན་གཤེགས་པས་མཁྱེནད་བཞིན་དུ་དེ་དག་མནར་མྱེད་པ་ཤིནད་ཏུ
12a6 འཇིགས་པའི་སར་བཏང་བར་མཛད་དམ་ཅི་ལགས།། དཔེར་གསོ་ཡ་ན། འདྲོན་པོ་དག་ཅིག་ཤུལ་དུ་ཞུགས་ཏེ། ཤུལ་དྲང་པོ་འཆལ་བ་ལས་དེས་ཤུལ་ཅིག་ནི་ལོགས་ཤིག་ཏུ་མཆི་བ་ལགས་ལ། དེ
12a7 དག་གིས་ཀྱང་ཤོལ་བོར་ཏེ། ལོག་པར་ཞུགས་ཤིང་མ་རུངས་པར་གྱུར་ཀྱང་། བདག་ཅག་ནི་ཤུལ་ལོག་པར་ཞུགས་སོ་སྙམ་དུ་མ་ཚོར་ན། འདི་ནི་ཤུལ་བཟང་པོ་ལགས་སོ་སྙམ་དུ་འཛིནད་ཅིང་དོལ་པས་རྒྱུ་བའི་འདྲོན་པོ
12a8 ཡང་མ་མཐོང་བ་དེ་བཞིན་དུ། ཆོས་ལ་རྨོངས་པའི་སེམས་ཅན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ། བཅོམ་ལྡན་འདས་གིས་ལོག་མ་ཁོ་ནར་ཤུས་བསྟན་འཚལ་བ་ལས། སྔར་ནོངས་པ་རྔམས་ཆེ་ཆུངས
12a9 མ་བསྟནད་པས། དགེ་སློང་རྣམས་ཉེས་པ་རྣམས་ཀྱི་ནང་དུ་ལྟུང་བར་འགྱུར་ན། འདི་ལྟར་བཅོམ་ལྡན་འདས་བདེན་པའི་འདྲོན་པོ་བདེན་པའི་ལམ་གི་ཁྱད་པར་ཡང་དག་པར་གཟིགས་པ། ཆོས་གི་ལམ་གི་ཡོན་ཏན་གི།




iiif viewer powered by OpenSeadragon

11b - 12b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo