| e-texts navigator |
| Wylie |
11a1 ཤིང་། གས་ཀྱའི་བུ་དགེ་སྦྱོང་རྣམས་བདག་ཉིད་ཀྱིས་རང་བཟོར་བྱེད་ཅིང་། འགས་པ་སྨྲ་པ་དག་འབྱུང་བར་འགྱུར་མོ།། རིགས་ཀྱི་ཞུ་གཞན་ཡང་རུང་པོ་མ་ཡིན་པའི་འནས་བུ་བརྗེད་པ་དང་། ཤདང་ཉན་སེམ་པ།
11a2 སུ་མྱུར་བ་། འབྲུ་མར་ཀི་སྣོད་དང་། གདུགས་བྱེད་པ་དང་། ལྷམ་བྱེད་པ་དང་། རྒྱལ་པོ་ལ་སྟེན་པ་དང་། མོ་ཡིག་འཆང་བ་དང་། སྨན་པའི་དཔྱད་ལ་བརྩོན་པ་དང་། བྲན་དང་བྲན་མོ་དང་། གསེར་དང་། དངུལ་དང་། བྱི་རུ་དང
11a3 དུང་དང་། མནོ་ཤེལ་དང་། མུ་ཏིག་ཀི་དོ་ཞལ་དང་། ཤིང་ཏོག་རྣམས་ལེན་པ་དང་། རིག་པ་དང་། རི་མོ་མཁན་དང་། གཟུགས་མཁན་དང་། སྐྱེད་ཤིང་གཟུགས་པ་དང་། གསང་སྔགས་དང་སྨན་དང་། བྱིས་པའི་ཆེད་མོ་དང
11a4 ཀར་ཐབས་གི་ཡན་ལཀ་དང་། མྱིག་སྤྲུལ་དང་། རེངས་པར་བྱ། ར་བའི་སྦྱོར་བ་དང་། ཀྲུ་གར་དང་། མེ་ཏོག་འབྲེང་དང་། སོ་རྩི་དང་སྨན་མར་ཆེན་པོ་བསྐོལ་བ་དང་། སྤོས་དང་བྱུག་པ་འཆང་བ་དང་། འགྲོས
11a5 འཆོས་པ་རྣམས་སློབ་པ་དང་། སྐྱེག་པའི་སྦྱོར་བ་ལ་བརྩོན་པ་དག། འབྱུང་བར་འགྱུར་ཏེ། དེ་དག་སྤངས་པ་ལ་ནི་དགེ་སློང་ཞེས་ངཟེར་རོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས
11a6 དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མ་ཀ་ཞན་ཀིས་སྩལ་པས་འཚོ་བ་རྣམས་ཀྱི་ཡུལ་གང་མ་བརྟགས་པའི་ཁས་མོད་པ་དེར་བསོད་ནམས་ག་དང་འདྲེ་བ་ཇི་ལྟར་དཀའ་བར་བགྱིད་ལགས
11a7 བཀའ་སྩལ་པ། རིགས་གི་བུ་ཅི་ནས་འདུལ་བ་དང་མྱེ་འགལ་བར་ཆུས་བཀྲུས་ཏེ། བཟའ་བར་བྱའོ་ཞེས་ངས་བསྟནད་ཏོ།། ཡུལ་དེ་ལྟ་བུ་ནཔས་དང་སྐོམ་ཤའི་བས་ཀྱིས་ཤ་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ།།
11a8 སྣོད་གཅིག་ལ་གཅིག་རེག་སྟེ། ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ངེས་པ་མྱེད་དོ།། ཤ་འམ་ཉན་འམ་འི་དགསོ་གཞའམ། རྨིག་པ་སྐམ་པོ་འམ། ཤའི་བཀ་གཞན་གིས་འབགས་པ་རྣམས་ཀྱང་ལྟུང་བྱེད་པ་འགྱུར་རོ་ཞེས
11a9 ངཟེར་རོ།། སྔར་ནི་དོན་གྱི་དམྱིགས་བྱུང་བའི་སྐབས་སུ་བསྟོནད་ཏོ།། ད་འདིར་ཤ་ཟ་བ་ལས་བསགས་གནོད་པར་འགྱུར་བར་ངས་བསྟནད་ཏོ།། འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་མང་དུ་བཤད་པ་ཡིན་ཏེ། འདི་ནི