| e-texts navigator |
| Wylie |
10b1 མྱི་འོ་ཅོག་གི་སེམས་ཅ་དད་པར་འགྱུར། ཞིང་། མྱི་མཐུན་པའི་གྱུར་པའི་མྱི་མང་པོ་ཚོགས་པ་འམ། སྐྱེ་བོ་མང་པོས་གང་བའི་ནང་དུ་སེམས་ཅན་དེ་དག་གིས་ཆེ་གེ་མོ་ཞིག་གིས་ཟོས་སོ་ཞེས་པ་དེ་བཞིན་དུ། སྲོག་ཆགས།
10b2 ཐམས་ཅད་ཀྱིས་ཤ་ཟ་བའི་མྱི་ངོ་ཤེས་ཏེ། དེ་དག་གིས་དྲི་ཚོར་ནས་འཆི་བའི་འཇིགས་པས་སྐྲག་པར་འགྱུར་ཏེ། དེ་རྒྱུ་ཞིང་འགྲོ་བ་ན། ཆུ་དང་སྐམ་ས་དང་ནམ་མཁའ་ས་གནས་པའི་སྐྱེ་བོ་རྣམས་སྐྲག་སྟེ། བདག་ཅག་འདིས
10b3 བསད་དུ་འོང་རོ་སྙམ་ནས་ཁམྲ་པྲ་ཀྱང་འཆི་བར་འགྱུར་རོ།། རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ་མྱི་ཟའོ།། གདུལ་བར་བྱ་བའི་དབང་གིས་ནི་ཤ་ཟ་བ་ལྟ་བུར་ཡང་སྟོན་མོད་ཀྱི། ཁ་ཟས་ཐ་མལ་པ
10b4 ཡང་མི་ཟ་ན། ཤ་ལྟ་ཅི་སྨོས།། རིགས་ཀྱི་བུ་ང་འདས་པའི་འོགཏུ་ལོ་བརྒྱ་ཕྲག་མང་པོ་འདས་པ་ན། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མྱི་འོང་བ་དང་། དགྲའ་བཅོམ་པ
10b5 རྣམས་མྱེད་པར་གྱུར་ད་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ། དགེ་སློང་འདུལ་བ་དང་མ་མོ་འཛིནད་པ་རྟོག་པ་སྣ་ཚོགས་གཅེས། པར་འཛིནད་པ། ཁམས་འཁྲུགས་པ་དང་། བཀྲེས་པ་དང
10b6 སྐོམ་པས་གཟི་རད་པ། ཆ་ལུགས་འཇིགས་འཇིགས་ལྟར་འདུག་པ་བ་ཡང་རྫི་འདྲ་བ་བྱ་བ་འདྲ་བ། ཆོས་གོས་ཚོན་ཅན་ཀི་རྟགས་འཆང་བ། བྱི་ལའི་བརྟུལ་ཤུགས་སྤྱོད། བདག་ནི་དགྲ་བཅོམ་པ་ཡིན
10b7 ནོ་ཞེས་ཁས་འཆེ་བ། གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱིསས་ལུས་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོར་བཅོས་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་བཅོས་པ། དམ་པའི་ཆོས་ལྟར་བཅོས་པའི
10b8 ཡི་གེ་འཆང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པའི་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ་ལས་རྣ་པར་ཀྲོལ་བ། ཐ་དད་པའི་མཆོག་ལས་དེ་ཁོ་ན་ཉིད
10b9 ཀྱི་ཡེ་གེ་བཤིག་ནས་འདུལ་བ་དང་མདོ་སྡེ་སོ་སོ་ནས་ཅི་དགའ་དཀུར་ཆོས་ཤིང་སྨྲ་བར་བྱེད་དོ།། འདི་ལྟར་བདག་ཅག་གི་འདུལ་བ་ལས་བཅོམ་ལྡན་འདས་ཀྱིས་ཤའི་བཅུད་ཀྱི་སྦྱིན་པ་ནི། རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེན