e-texts navigator
Collection
Volume
Page
Wylie

10a1 རིགས་ཀི་བུ་དཕྱིན་ཅད་ངའི་ཉན་ཐོས་རྣམས་གལ་བར་གྱི་གནང་ངོ་།། ཡུལ་འཁོར་གི་བཟོད་སྙོམས་ནི་བུ་འིག་དང་འདྲའོ་ཞེས་བྱ་བ་ན། ཤ་ཁ་འར་ངས་ཇི་སར་གནང་། ཤ་བ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར
10a2 རོ་ཞེས་ངས་བསྟན་ཏོ།། གསོལྡ་པ་བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གན་ལགས།། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གིས་བསླབ་པའི་གཞི
10a3 བསྡམ་པའི་ཕྱིར་དེང་ངས་བོར་རོ།། གསོལྡ་པ། བཅོམ་ལྡན་འདས་ཅི་ལས་བགོངས་ཏེ་དོན་ཆེད་གི་མུ་དགུལ་དང་། ཤ་རྣམ་པ་བཅུ་སྤངས་པ་བཀའ་སྩལ་པ་ལགས། བཀའ་སྩལ་པ། ཚིག་གཞག་པ་དེ་དག་ཀྱང་ཤ
10a4 མི་བཟའ་བར་བ་དམ་པའི་ཕྱིར་གཅད་དོ།། གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་ཤད་ཉན་བཟའ་བ་ཡང་ཁ་ཟས་བཟང་པོར་གསུང་ལགས།། བཀའ་སྩལ་པ། ངས་ནི་ཤ་དང་ཉ་ཤ་ཁ་ཟས་བཟང
10a5 བོར་མ་གསུངས་ཀྱི་ངས་ནི་བུ་རམ་ཤིང་དང་འབྲས་བུ་ས་ལུ་དང་། ལཟུ་དང་གྲོ་དང་། ནས་དང་། སྲན་སྡེ་བུ་དང་། སྲན་གྲེ་བུ་རྣམས་དང་། ཁ་ར་དང་། ལི་ཁ་ར་དང་། སཱད་རྩི་དང་། མར་དང
10a6 འོ་ས་དང་། འབྲུ་མར་རྣམས་ཁ་ཁས་བཟང་པོར་གསུངས་སོ།། ངས་ནི་སུས་གཡོག་པའི་ཕྱིར་གོས་སྣ་ཚོགས་ཀྱང་ཁ་དོག་ངན་པར་སྦྱར་བར་བྱའོ་ཞེས་བསྟན་ན། ཤ་བཟའ་བའི་རོལ་ཆགས་པས།
10a7 ཅི་སྨོས།། གསོལ་པ། དེ་ལྟ་ན་ནི་བའི་བཅུད་རྣམ་པ་ལྔ་དང་། ཏིལ་དང་བུ་རམ་ཤིང་ཀི་ཁུ་བ་དང་། དུང་དང་ཟ་བ་དང་ལས་བསྩོགས་པ་ཡང་ཁྲིམས་སུ་བཅལ་བའི་རིགས་ལགས་སོ།། བཀའ་སྩལ་པ། གཅེར་བུ་བའི
10a8 ལྟ་བ་མ་འཛིན་ཅིག། ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་ཀི་ཤ་མི་བཟའ་བར་བསྡམས་སོ།། དོན་ཆེད་དུ་བྱས་པ་ཁྱོད་ཀྱིས་རིག་པ་དེ་ཡང་བསྡམས་སོ།། ཤ་རྣམ་པ་བཅུ་ལ།
10a9 མ་གཏོགས་པ་དེ་ཡང་སྤངས་སོ།། ཤི་བའི་ཤ་ཡང་སྤངས་སོ།། ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས། དེས་འཇིག་རྟེན་དཔེར་ན་མྱིས་ཤིང་ཀུན་ནས་སྒོག་སྐྱ་ཟོས་ནས




iiif viewer powered by OpenSeadragon

9b - 10b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo