| e-texts navigator |
| Wylie |
100a1 པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱིས་ཆོག་ཀྱར་དག།། གན་མྱ་ངན་འདའ་བས་ཟོས།། མ་སྣང་བུའི་གཅིད་རྒྱམ་གྱིས།། རྒྱ་མཚའི་གཞིའི་མཐའམ་རྣམ་པ།། ནགས་ནས་རི་ངམན
100a2 བཅས་པའི།། ས་གཞི་ངོམས་པར་གྱུར་པ་ན།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འདའ་བས་གྲོངས།། དེ་བས་ན
100a3 ཚེ་དང་ལྡན་པ་ཆོས་ལ་གུས་པ་ཁྱེད་མྱ་ངན་མ་བྱེད་ཅིག། མ་དུ་ཤིག། དེ་བཞིན་གཤེགས་པའི་ནི་རང་ལ་དབང་ཡོད་ཀྱིས་ཀྱི་རྟག་པའི་འདུ་ཤེས་མ་བྱེད་པར།། རྟག་པ་དང་ཐེར་ཟུག་པ་དང་། མཆོག་ཏུ་བརྟན་པ་ཡིན་པར་ཡང་དག
100a4 པར་ལྟོས་ཤིག། གཞི་གསུམ་བརྟག་པའི་གསང་སྔགས་གི་སྭ་བ་དང་། བསྲུང་བ་འདིས་བསྲུང་བ་ཀྱིས་ཤིག། གཞི་གསུམ་རྟག་པའི་ཀ་སང་སྔགས་ཀྱིས་ནི། གནམ་ལུགས་ཀྱིས་ཚིག་པའི་ཤིང་རྣམས
100a5 ཀྱང་སྨེ་བར་འགྱུར་ཏེ། གཡས་ག་པེའུ་དང་སཱལ་མྱིག་བེའུ་དང་། ལོ།། མ་འ་འབུས་པ་དང་ལྡན་པར་འགྱུར་རོ།། འཁོར་བཞི་པོ་ལས་གཞི་གསུ་མ་རྟག་པར་རྗེས་སུ་ཡི་རང་བའི་གཏམ་འདི་ཕན་ཚུན་བོས་ནས། བྱང
100a6 ཆུབ་ཀྱི་སེམས་བསྐྱེད་ཀྱི་དགོས་པར་འཛིནད་ཀྱང་། གཞི་གསུམ་མཆོ་ག་ཏུ་རྟག་པའི་རྒྱུས་ན། བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་འགྱུར་ཏེ། འདི་ནི་སེངས་རྒྱས་ཀྱི་རྗེས་སུ་ཡི་རང་བ་ཞེས་བྱའོ།། གཞི་གསུམ་རྟག་པ་ལས
100a7 བྱུང་བའི་རྗེས་སུ་ཡོ་རིང་བ་འདི། དགེ་སློང་ངམ། དགེ་སློང་མ་གང་དག་སེམས་ཅན་རྣམས་ལ་སྟོན་པར་བྱེད་པ་དེ་དག་ནི། ཡུལ་འཁོར་གྱི་བསོད་སྙོམས་ལ་བར་འོས་པ་ཡིན་ནོ།། གཅིག་ཤོས་དག་ནི་འོས་པ་མ་ཡིན་ནོ།། ཇི་ལྟར
100a8 རྗེས་སུ་ས་འང་འདིས་། གསོཡང་བ་འཇིག་ད་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདྲེདེད་པ་དེས་དདས་པའི་ཆོས་འདོད་པ་རབས་ལ་དགེགས་བྱེད་པ་དང་། གནོད་པ་མྱེད་པར་གྱུར་ཅིག། དེངས་ལྔ་རང་ས་མ་ཡིན་དང་།
100a9 རང་སཅས་པའི་འཇིག་རྟེ་གིས་དེ་བཞི་གཤེགས་པ་རྟག་པར་འོང་དུ་ཆུང་ནས་རབ་ཏུ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། གཞོལ་བ་སྐྱེད་པའི་སེམས་དང་། པད་མ་འབྱེ་བ་ལ་བུའི་ད