e-texts navigator
Collection
Volume
Page
Wylie

323b1 དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ཀར་ན་གནས་པ་དང་། གང་ན་སྣང་བ་ནི་ཁྱོད་ཀྱི་ཡུལ་ཡང་མ་ཡིན་གྱིས། སངས་རྒྱས་བཅོམ་ལྡན་འདས་ནི་དེ་བས་བསམ་གྱིས་མྱ་ཁྱབ་པའི་སྐུ་ཡིན་ནོ།
323b2 སྙམ་དུ་ཁྱོད་ཀྱིས་གནས་པར་གྱིས་ཤིག། རིགས་ཀྱི་བུ་ཆོས་དང་དགེ་སློང་གི་དགེ་འདུན་ལ་ཡང་རྟག་པའི་འདུ་ཤེས་ཡང་དང་ཡང་དུ་བསྒོམ་པར་གྱིས་ཤིག།། གཞི་གསུམ་ལ་ཐ་དད་པར་མ་བྱེད་ཅིག་མྱ་རྟག་པའམ
323b3 མྱི་བརྟན་པའམ་ཟེར་ཟུག་མ་ཡིན་པའམ། ཞི་བའམ་ཡིན་པའམ། ཐ་རད་པ་མ་ཡིན་པའི་རྣམ་པར་ཡང་མ་སྐོམ་ཤི་ཀ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གཞི་གསུམ་གྱི་བདག་ཉིད་ཆེན་པོ་ལ་དེ་ལྟར་མྱི་བསྒོམ་པ་དེ
323b4 དག་ཀྱི་སྐྱབས་སུ་འགྲོ་བ་ནི་ཡང་དག་པ་མ་ཡིན་ནོ་ཞེས་ང་ཟེར་རོ།། དེ་ལྟར་ན་རྟག་པ་བསྒོམ་པ་ནི་བསམ་གྱིས་མྱི་ཁྱབ་སྟེ། རིགས་ཀྱི་བུ་དཔེར་ན་ཤིང་ཡོད་ན་གྲིབ་མ་ཡོད་ཀྱི། ཤིང་མྱེད་ན་འགྲིབ་མ་མྱེད་པ་དེ་བཞིན
323b5 དུ་དེ་བཞིན་གཤེགས་པ་རྟག་པ་དང་། སྐྱབས་སུ་འགྱུར་གྱི། གལ་ཏེ། མྱི་རྟག་ན་ལྷ་དང་མྱི་རྣམས་ཀྱི་སྐྱབས་སུ་འོས་པ་མ་ཡིན་ནོ།། ཀ། སོ་ལ་པ། བཅོམ་ལྡན་འདས་ཅི་ལགས།། མཚན་མོ་མུན་པའི་ན
323b6 ན་ཤིང་ལྗོན་པའི་གྲིབ་མ་སྣང་ཞེས་བགྱི་བའམ། མྱ་སཱང་ཞེས་བགྱི་བ་བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་ཅིག་པ། ཤིང་ལྗོན་པ་ཡོད་པའི་གྲིབ་མ་ཅིའི་ཕྱིར་མྱེད་ཅེས་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱ
323b7 མྱིག་གིས་ནི་མྱོ་མཐོང་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྟག་པ་དང་། བརྟན་པ་དང་། ཟེར་ཟུག་པ་ཡིན་ཏེ། ཟེར་ཟུག་པ་ཡིན་གྱིས་ཀྱང་མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་ཀྲ་པེ་མ་ཤའི་མྱིག་ཀིས་མྱ་མཐོང་བ
323b8 བཞིན་དུ་དེ་བཞིན་གཤེགས་པ་ཡོངསུ་མྱ་ངན་ལས་འང་བར་མཛད་པས། རྟག་པ་དང་བརྟན་པ་དང་ཐེར་ཟུག་པ་ཡིན་བཞིན་དུ་མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲོབ་མ་ལྟར་མྱེ་སྣང་བས་སེཾས་ཅན་ནས་དེ་བཞིན་གཤེགས་པ་མྱི་རྟག
323b9 ཀོ་སྭཱ་དུ་ཡོངསུ་རྟོག་གོ་གལ་ཏེ་རང་ཆོས་དང་དགེ་འདུན་རྟག་ལེའི་འདུ་ཤེས་ཁྱོད་ཀྱིས་པ་མ་ཡ་མྱེད་ན། གསུ་ལ་སྐྱབས་སུ་འགྲོ་བ་མ་དག་གོ་ཞེས་པཟེ་རོ།། ཕ་མ་གཉིས་ལ་ཀོ་ཞྀ་ཀ་སུ་རྟག་པར་སྟན་ན་ནི། བྱང་ཆུབ་སེཾས་དཔའ




iiif viewer powered by OpenSeadragon

323a - 324a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo