| e-texts navigator |
| Wylie |
323a1 གཤེགས་པ་སངས་རྒྱས་རྣམས་འབའ་ཤིག་ལ་ཡོད་ཅེས་ངཟེར་རོ།། དེ་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་ཟེར་ཟུག།
323a2 པའོ་ཞེས་དེ་ལྟར་ཤེས་པར་གྱིས་ཤིག།། སེམས་ཅན་གང་དག་རྟག་ཅེས་བྱ་བའི་ཡི་ཀེ་གཉིས་སྒོམ་པ་དེ་དག་ནི། རིང་པོ་མྱི་ཐོགས་པ་ཁོ་ན་ངའི་ཀོ་འཕང་དང་། ལྷག་ཆད་མྱེད་པར་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གང་ཀི་ཚེ
323a3 རྟཀ་ཀོ་ཞེས་བྱ་བའི་སཾ་ཀཾ་གཉིས་བསྒོམ་པ་ནུབ་པར་འགྱུར་བ་དེའིཆེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། གསོལ་པ་སངས་རྒྱས་རྣམས་ཀྱི་ཆོས
323a4 ཉིད་ཅེས་བཀའ་སྩལ་པ་དེའི་དོན་ཅི་ལགས།། བཅོམ་ལྡན་འདས་བ་དཀ་ནི་ཆོས་གླེངས་པ་འདི་རྟོགས་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཚིག་འདི་ཇི་ལྟ་བུ་ལགས་པ་རྒྱས་པར་བཤད་དུ་གསོལ།
323a5 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཆོས་ཉིད་ཅེས་བྱ་བ་ནི་ལུས་ཡོངས་སུ་འདོར་བ་སྟེ། ལུས་ཡོངས་སུ་འདོར་བ་ཞེས་བྱ་བ་དེ་ནི་སྨན་པའི་ཚིག་ཡིན་པར་ཤེས་པར་གྱིས་ཤིཀ། གསོལ
323a6 པ་དེ་བཞིན་གཤེགས་པས་སྐུ་བྲོར་ནས་སླར་ཡང་སྐུ་ལེན་ཏམ། མྱཾ་ལེན་པ་བདག་ཞུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག།། འདི་ནི་ཆོས་ཉིད་གཅོད་པ་ཡཱཾ།
323a7 ཏེ། རི་ཀ་ས་ཀྱི་བུ་དཔེར་ན་འདུ་ཤེས་མྱེད་པ་རྣམས་ལ་གཟུགས་ཀྱི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་གཉིས་མྱེད་ན། སེམས་ཅན་དེ་དག་ཇི་ལྟར་གནས་ཇི་ལྟར་དཀའ་ཇི་ལྟར་སྣང་དེ་དག་གི་འདུ་ཤེས་ཇི་ལྟར་འཇུག
323a8 ཅེས་འདྲི་བ་འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ནོ།། རིགས་ཀྱི་བུ་འདུ་ཤེས་མྱེད་པའི་ལྷ་རྣམས་ཀྱི་གཟུགས་དང་། གནས་དང་། སྤྱོད་ལམ་དང་བདེ་བ་རྣམས་ཇི་ལྟར་བསྟན་པར་བྱ་ཞེས་ཕྱིན་ཅད་དེ་སྐད་མ་ཟེར་ཤིག
323a9 འདི་ནི་ཉན་ཟོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་ནི། སངས་རྒྱས་འབའ་ཤིག་གི་ཡུལ་ཡིན་ཀྱི། ཉན་ཐོས