e-texts navigator
Collection
Volume
Page
Wylie

322a1 དེས་པ་ཡང་དེ་དག་པ་ལང་རྫིའི་ལག་ཏུ་གཏད་དེ། མར་ཞིམ་པོ་ཟ་བ་ལ་རྫི་རྣམས་ཀྱང་ལྷས་སྐྱོང་ཞིང་ཞོ་དང་འོ་མ་སྲུབ་པ་ལས། ཕྱེ་ཞིག་ན་བ་ལང་གི་བདག་པོ་དེ་རང་ཀ་ཚེ་ཟད་ནས་ཤི་སྟེ། ཤི་བའི་འོག་ཏུ་ནགས་ན་རྒྱུ་བའི་ཆོམ
322a2 ཤོད་ཀྱིས་བ་ཡང་དེ་དག་ཕྲོགས་ནས། དེ་དག་ཆུང་མ་མྱེད་པས་རང་རང་གཱི་འོ་མ་བསྲུབས་ཏེ། དེ་དག་གིས་སྲུབས་པ་ལས་འོ་མ་མ་ཡིན་པའི་ཕྱིར། འོ་མ་དེ་དག་ལས་མར་ག་དྲྀ་ཡང་མྱི་བྲོལ།། ཞོར་ཡང་མ་རུལ། པྲྀས་མར་ཡང་མ
322a3 རུང་ན། མར་དུ་ལྟ་ཀ་ལ་འགྱུར་ཏེ། འོ་མའི་རང་བཞིན་ལས་ཀྱང་ཉེས་ནས། དེ་དག་གིས་དེ་ཆུས་བསྲད་དེ། བདག་གིས་མཱར་ལོངས་སྤྱད་པར་བྱའོ།། བདག་གིས་མར་ལོངས་སྤྱད་པར་བྱའོ།། རུ་སེམས་པ་བཞིན་དུ། འཇིག
322a4 རྟེན་པ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུ་འཐུན་པ་ལས་བྱུང་བ། ནོར་དང་ཆོས་རྒྱས་པ་རྣམས་ཀྱང་དེ་དང་འདྲ་སྟེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་པ་ལང་ཀི་ལྷས་ཀྱི་བདག་པོ་བཞིན་དུ། ཡོངས
322a5 སུ་མྱ་ངན་ལས་འདས་པའི་འོག་ཏུ་འཇིག་རྟེན་པ་ཤོམ་ཤོད་དང་འདྲ། བ་རྣམས་ཀྱིས་ཀྱང་། ཚུལ་ཁྲིམས་དང་ཆོ་ག་དང་འདུལ་བ་ད།། པ། སྤྱོད་ཡུལ་རྣམས་དང་། སྤོས་ཅན་ཀ་ཁམས་རྣམས་གུད་དུ
322a6 བསྒྱུར་ནས་སེམས་ཅན་ཡོད་དོ།། སྲོག་ཡོད་དོ།། གང་ཟག་ཡོད་དོ།། སྙམ་དུ་སེམས་ཤིང་། ཐ་དད་པ་ནི་འདི་ལྟ་བུ་ཤི་ཀ་ཀོ།། སྤྱོད་པ་ནི་འདི་ལྟ་བུ་ཞིག་ཀོ། སྙོ་ནས། སྤྱོད་པ་དང་སེམས་ཅན་དང་། ཐ་རད་པ་དང་།
322a7 རྟག་པ་དང་། དེ་འོ་ན་ཉིད་མུ་ཞེས་ཏེ་དོན་གཞན་ལ་བརྩོན་པས་ཐ་རད་པ་འང་མྱ་ཐོབ་ལ། ཚུལ་ཁྲིམས་དང་ཆོ་ཀ་དང་སྤྱོད་ཡུལ་དང་། འདུལ་བ་དང་། རྟག་པ་དང་། དེ་འོ་ན་ཉིད་ཀྱང་མྱི་རྙེད་དེ། མྱ་རྒོད་ཀྱི་མར་བཞིན་ནུ
322a8 འཇིག་རྟེན་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་མྱ་འཐོབ་ལ།། དེ་དག་སེམས་ཅན་ཚངས་པ་སྲུལ་པ་ནི་རྟག་གོ་སྙམ་དུ་འཛིནད་ཅིང་བདག་ནི་ཟེ་རད་པ་ཡིན་ནོ་སྙམ་དུ་ཡང་འཛིནད་ལ་ཆོམ་ཤོད་རྣམས་ཀྱི་འོ་མ་བཞིན་དུ་དེ་ཁོ་ན
322a9 ཉིད་མི་ཤེས་སོ།། དེ་དག་ཚངས་པར་སྐྱེད་པའི་རྒྱུ་དང་། གཞན་ཀ་ཆུང་མ་སྤངས་པའི་རྒྱུ་དང་། ཕ་མ་ལ་ཕུ་དུད་བྱས་པའི་རྒྱུས་ན་ཆོམ་ཤོད་པ་རྣམས་ཀྱི་འོ་མ་མ་རུང་བའི་ལྷཀ་མ་ཙམ་ཞིག་ཡོད་པ་བཞིན་དུ་མཐོ་རིས




iiif viewer powered by OpenSeadragon

321b - 322b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo