e-texts navigator
Collection
Volume
Page
Wylie

321b1 ངམ་དགེ་སློང་མ་འི། དགེ་བསྙེན་ནམ། དགེ་བསྙེན་མའི་འདི་ལས་ཕྱི་རོལ་པའང་རུང་སྟེ། མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པ་དེ་ཡང་བསྐལ་པའི་བསྐལ་པ་ལས་ལྷག་པར་གནས་ཤིང་། ནམ་མཁའ་ལ་ཆགས་པར་བྱེད
321b2 ཉལ་བར་བྱེད་ལ་མཚན་གཡོན་ལོགས་ནས་མྱེ་དང་འདྲ་བར་འབར་བར་བྱེད་པ་དང་། དེ་བཞིན་དུ་ཆོས་གཞན་དུ་དུད་པར་འཐུལ་བ་ལྟ་བུར་ཡང་སྟོནད།། ཚེའི་ཚད་ཀྱང་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་སྐུར་བར་བྱེད་དོ།། མདོར་ན་ཇི་ཙམ་དུ
321b3 དགའ་བ་དེ་ཙམ་དུ་སྟོནད་པར་བྱེད་དེ། འདི་དག་ནི་མངོན་པར་ཤེས་པ་ལྔ་ལ་དབང་ཐོབ་པའི་ཡོན་ཏན་ཡིན་ནོ།། གལ་ཏེ་མངོན་པར་ཤེས་པ་ལྔ་ཐོབ་པ་ཡང་དེ་ལྟར་བདག་ཉིད་འཚོ་བའི་དབང་ཕྱུག་ལ་དབང་བྱེད་ན། དེ་བཞིན་གཤེགས།
321b4 པ་དབང་དུ་མ་བརྙེས་པ་ལྟ་ཅི་སྟེ། དེ་ལྟ་བུ་ལ་མངལ་མྱ་མཛད་དེ་བཞིན་གཤེགས་པ་བསྐལ་པའི། བསྐལ་པ་ལས་ལྷག་པར་རོ་ཙོ་སྟེ་མྱ་བཞུགས་ཀྱིས། དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ
321b5 དང་། ཟེར་ཟུག་པ་ཡིན་པར་ཁོང་དུ་ཆུད་པར་གྱིས་ཤིག།། འཇིག་རྟེན་འ།། དེ་ནི་སྲུལ་པའི་ལུས་ནི་ཤའི་ལུས་མ་ཡིན་ཏེ། དེང་དེ་བཞིན་ག་། ཀས་པ་རུག་སྨན་ལ་རྟོན་པའི་སྐུ་ཡོངས་སུ་འདོར་བར་མཛད་དོ་སྟེ་དུ
321b6 ཡང་ཁོ་དུ་ཆུད་པར་གྱིས་ཤིག། རྟག་པ་དང་བརྟན་པ་དང་ཐེར་ཟུག་ཅེས་བྱ་བའི་བསྟན་པ་མཆོག་ལ་ཡང་བརྩོན་པར་གྱིསོ་ཤིག། འོད་སྲུང་ཆེན་པོ་དང་དུས་གཅིག་པས་གསོལ་པ།། གལ་ཏེ་དེ་བཞིན་གཤེགས
321b7 པ་བརྟག་པ་ལགས་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཁྱད་པར་ཅི་མཆིས་ལགས།། འཇིག་རྟེན་པ་ཡང་བདག་ཅག་གི་ཚངས་པ་ནི་རྟག་པ་སྟེ། ཐོག་མའི་དུས་ནས་བྱུང་བ་ཡིན་ནོ་ཞེས་མཆི་བ་དང་ཁྱད་པར་ཅི་མཆིས
321b8 གལ་ཏེ་དེ་བཞིན་གཤེགས་པ་རྟག་པ་ལགས་ན་ཁྱད་པར་མ་མཆིས་པར་འགྱུར་བ་ལགས་སོ།། བམ་པོ
321b9 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། རིགས་ཀྱི་བུ་དཔེན་ན་ཆོང་དཔོན་ནམ་ཁྱིམ་བདག་གཅིག་ལ། བ་ལང་སྣ་ཚོགས་སུ་མདོག་རུ་མ་རིགས་དང་རྒྱུད་མང་པོ། ཁྲུ་གཅིག་ཅིང་ལྷས་གཅིག་པ་དུ་མ་བྱེ་བ་སྙེད་ཡོད་ལ།




iiif viewer powered by OpenSeadragon

321a - 322a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo