| e-texts navigator |
| Wylie |
321a1 སངས་རྒྱས་མཆོག་ཏུ་སྐུ་ཚེ་རིང་ངོ་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མཆོག་ཏུ་བརྟན་པའོ།། མཆོག་ཏུ་ཞི་བའོ།། མཆོག་ཏུ་ཟེར་ཟུག་པའོ།། མཆོག་ཏུ་རྟག་པའོ།། འོད་སྲུང
321a2 ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་མཆོག་ཏུ་ཚེ་རིང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། འོད་སྲུང་ཆེན་པོ་དང་རུས་གཅོག་པ། དཔེར་ན་ཆུ་ཀྲུ་ཀ
321a3 ཀ་དང་། ཡཱ་མུ་ན་དང་། སར་ཡུ་དང་། ཧིང་གུ་ལས་སོགས་པ་ཆུ་ཀླུང་ཆེན་པོ་རྣམས་དང་། ཆུ་ཟན་གཞན་རྣམས་རྒྱ་མཚོ་ཆེན་པོ་ཁོ་ནའི་ནང་དུ་འབབ་པ་དེ་བཞིན་དུ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལྷ་ཡུལ་དང
321a4 སོའི་སྟེ་ཀ་ག་ཆེའི་ཆུ་ཀླུ་པ་ཡོད་དོ་ཅོག་ཐམས་ཅད་ནི། དེ་བཞིན་ཀ་གས་པའི་རྒྱ་མཚོ་ཁོནར་འབབ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་མ་ཆོག་ཏུ་སྐུ་ཚེ་རིང་ངོ་།། འོད་སྲུང་ཆེན་པོ་དང་དུམ་ཅིག་པ་གཞན་ཡང་འདི
321a5 སྟར་ཆུ་ཀླུང་ཆེན་པོ་བཞི་མ་དྲོས་པ་ནས་འབྲུང་དེ་བཞིན་དུ། ཚེ་རིང་བ། འཚོགས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་ལས་བྱུང་ངོ་།། འདི་ལྟར་བརྟག་པ་ཐམས་ཅད་ཀྱི་ནང་ན་ནི་ནམ་མཁའ་མཆོག་ཏུ་རྟག།
321a6 པ་ཡིན་ཡ་དེ་བཞིནི་གཤེགས་པ་ཡང་ནམ་མཁའ་བཞིན་དུ་རྟག་གོ་འདི་ལྟར་ཞི་བར་བྱེད་པ་ཐམས་ཅད་ཀྱི་ནང་ན་ནི་མར་འབའ་ཤིག་མཆོག། ཏུ་ཞི་བར་བྱེད་པ་ཡིན་ལ། དེ་བཞིན་གཤེགས་པ་ཞི་བ་དང་བསལ
321a7 བར་གྱུརྡ་པ་ཡང་མར་དང་འདྲ་ཆོས་སྟོན་ཏོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་མཆོག་ཏུ་སྐུ་ཚེ་རིང་ལགས་ན། སེམས་ཅན་ཐམས་ཅད་ལ་སྨན་པ
321a8 འི་སླད་དུ་བཅོམ་ལྡན་འདས་ལ་བསྐལ་པ་ལཾ། བསྐ་ལད་པ་ལས་ལྷག་པར་ཡང་ཡུན་རེང་དུ་བཞུགས་ཤིང་སྤྲིན་ཆེན་པོ་བཞིན་དུ་དམ་པའི་ཆོས་ཀྱི་ཆར་ཡང་རབ་ཏུ་དབབ་ཏུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ
321a9 སུ་ཁང་པ་འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཐར་ཐུག་པར་འགྱུར་བའི་འདུ་ཤེས་མ་སྐྱེད་ཅིག། འོད་སྲུང་ཆེན་པོ་དང་རུས་ཀཅིག་པ། འདི་ན་དགེ་སློང