e-texts navigator
Collection
Volume
Page
Wylie

320b1 བསྒོ་བར་འགྱུར་རོ།། དེ་ལྟར་བྱང་ཆུབ་སེཾས་དཔའ་སེཾས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་ཅིག་པོའི་འདུ་ཤེས་བསྒོ་བར་བྱའོ།། དེ་ལྟར་བྱས་ན་སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་བསྒོ་བ་བསྒོམས་པར་འགྱུར་རོ།། དེས་ན་མཆོག
320b2 ཏུ་འཚེ་བ་མྱེད་པ་དག་པར་འགྱུར་ཏེ། ཚེ་རབས་དྲན་པར་འགྱུར་རོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལ་པ། སེམས་ཅན་ཐམས་ཅད་ལ་བུ་ཅིག་པའི་འདུ་ཤེས་བསྒོམས་ན། བྱང་ཆུབ་སེཾས་དཔའ་སེཾས་དཔའ་ཆེན་པོ་རྣམས
320b3 ཚེ་རིང་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ། དེ་ལྟ་མོས་ཀྱང་མོད།། འོད་སྲུང་ཆེན་པོ་དང་རུས་གཅིག་པས་གསོལྡ་པ། བཅོམ་ལྡན་འདས་དཔེར་ན། གཏམ་རྒྱུད་མཁན་ཞིག་གིས་ལྟད་མོ་པའི་འཇོ
320b4 གྱི་རང་ནུ་ལ་མས་སུ་ཆུང་བྱ་བའི་རིགས་པ་གཏསྣ་ཚོགས་བགྱིས་ལ་དར་ཀྱི་ཁྱིམ་དུ་མཆིས་ནས་མཆོག་ཏུ་དཀལ་བ་བགྱིད་པའི་མ་ས་དག་པ་དང་། བཀ་དུམ་དང་། བོང་པ་དང་། རོ་དག་གིས་གནོད་པར
320b5 པ་དེ་བཞིན་དུ་། བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩ་ས་ད་པ། སེམས་ཅན་ཐམས་ཅད་ལ་བུ་རིག་པའི་འདུ་ཤེས་བསྒོམས་ན།། བྱང་ཆུབ་ས་མས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚེ་རིང་བ་དང་། མཆོག་ཏུ
320b6 རིང་བ་དང་། ཚེ་རབས་དྲན་པ་དང་། མྱ་འཆི་བ་དང་། ཐེར་ཟུག་དང་། བརྟན་པར་འགྱུར་རོ་ཞེས་གསུངས་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཉིད་སྐུ་ཚེ་ཐུང་ལགས། ཅི་སླུ་བར་མཛད་དམ། འོན་ཏེ་བཅོམ་ལྡན་འདས་ཉིད་ཀྱིས
320b7 སེམས་ཅན་ཐམས་ཅད་དགྲ་བཞིན་དུ་གཟིགས་གཟིགས་སམ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ནི་བཀའ་བ་མཛད་མཛད་དོ།། མྱའི་སྟེར་བགྱི་ནི་ལོ་བརྒྱར་ཡང་མྱི་ཐུབ་སྟེ། དེ་བཞིན་གཤེགས་པ་འདི་ཁོ་ན་ལྟར་སྐུ་ཚེ་ཟུང་བ་ལས་ན
320b8 བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་སེམས་དཔའ་མཛད་པའི་ཚེ། རེ་སྙེད་ཀྱི་སྲོག་ཅིག་བཅད་ལགས། འདི་ཁོ་ན་ལྟར་སྐུ་ཚེ་ཐུང་ལས་ན། དེ་བཞིན་གཤེགས་པ་ཉིད་ཀྱིས་མཆོག་ཏུ་མྱ་བཟད་པའི་ལས་མཛད་ལགས་གྲང་།། བཅོམ་ལྡན
320b9 འདས་ཀྱིས་བཀའ་སྩལ་པ། འོད་སྲུ་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱལ་ལ་འདི་ཁོ་ན་ལྟར་མ་རྒྱ་ཤིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི




iiif viewer powered by OpenSeadragon

320a - 321a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo