e-texts navigator
Collection
Volume
Page
Wylie

320a1 བཀའ་སྩལ་པ། འོད་སྲུང་ཆེན་པོ་དང་རུས་པ་དཔེར་ན་ཁྱིམ་བདཀ་ཀམ་ཚོང་དཔོན་ནམ་སྡེ་དཔོན་ནམ། བློན་པོ་འམ་རྒྱལ་པོ་ཡང་རུང་བ་ཞིག་གིས། རང་གི་བུ་སྡུག་ཅིང་འཕོངས་ལ་མཆོག་ཏུ་མཛེས་ཤིང་བྱད་གཟུགས
320a2 ཕུན་སུམ་ཚོགས་པ་རྣམས་སློབ་དཔོན་གྱི་ལག་ཏུ་གཏད་ནས་སློབ་དཔོན་དེ་ལ་འདི་སྐད་ཅེས་སྨྲས་ཏེ། བདག་གི་བུ་འདི་རྣམས་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ག་པ་རྣམས་བསླབ་པོའི་ཕྱིར་ཁྱོད་ལ་གཏད་ཀྱིས
320a3 འདི་རྣམས་ཁྱོད་ཀྱིས་འདུལ་བ་དང་ཆོ་ག་དང་པྱོད་ཡུལ་དང་། རེག་པ་རྣམས་སྤོབས་ཤིག་ཆོས་ཤིག། གལ་ཏེ་བདག་གི་བུ་འདི་གཞི་ལས་གསུམ་ན་བརྡེག་པ་དང་། བསྡིགས་པ་དང་ཚར་གཅད་པ་རྣམས་ཀྱིས་ཤི་བར་གྱུར་པ
320a4 གཅག་ནི་གསོན་པོར་འདུག་སྟེ། གཅིག་ལོབས་པར་གྱུར་ད་ན། གསུམ་ཤཾ་ཡང་བླ་སྟེ། གསུམ་ནི་ཤཾ་གཅིག་ནི་ལོབས་པ་དེ་ལ་ཙ་སློབ་དཔོན་གྱིས་སྡིག་པའི་ལས་བྱས་ཤེ་འམ། བཅོམ་ལྡན་འདས་དེ་ནི་མ
320a5 ལགས་ཏེ། དེ་ལ་གཉི་ག་ཡང་སྡིག་པའི་ལས་སུ་མྱི་འགྱུར་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་ལ་ནི་ཁོན་གྱི་བསམ་པ་མ་མཆིས་ཏེ། དེ་ལྟར་བགྱིས་ན་བསོད་ནམས་མང་པོ་འཕེལ་བར་འགྱུར་ལགས་སོ།
320a6 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་དམ་པོའི་ཆོས་སུན་འབྱིན་པོའི་སེམས་ཅན་རྣཾསལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ཏེ། བུ་རྣམས་བསློབ་དཔོན་གྱི་ལག
320a7 ཏུ་གཏོད་པ་བཞིན་དུ་རྒྱལ་པོ་དང་བློན་པོ་དང་དགེ་བསྙེན་རྣམས་ཀྱི་ལག་ཏུ་གཏོད་པར་མཛད་དོ།། དེ་ནས་རྒྱལ་པོ་དང་བློན་པོ་དང་དགེ་བསྙེན་དེ་དག་གིས་བྱིས་པ་གཡེལ་བ་དེ་དག་ཚར་གཅོད་པར་བྱེད་ན། ཙི་དེ་ལ་དེ་བཞིན་གཤེགས་པ་ལ་སྡིག་པའི
320a8 ཡས་སུ་འགྱུར་ཞེས་བྱ་བའམ། བཅོམ་ལྡན་འདས་དེ་ནི་ལགས་ཏེ། རྒྱལ་པོ་དང་བློན་པོ་དང་དགེ་བསྙེན་རྣམས་ལ་ཡང་སྡིག་པའི་ལས་སུ་མྱི་འགྱུར་ན། དེ་བཞིན་གཤེགས་པ་གོས་པ་མངའ་བ་ལྟ་ལ་གོས་པར་ཀ་ལ་འགྱུར་ཏེ། དེ་དག་ཉིད་ཀྱི
320a9 ཡོན་ཏན་དང་པྱོད་པ་བསྲུང་བའི་སླད་དུ་མྱའི་འདོད་པ་བཞིན་དུ་ཚར་གཅོད་པར་བྱས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན་བུ་ཅིག་པ་འིའིདུ་ཤེས་བསྒོ་བ་ཡིན་ཏེ། གང་དེ་ལྟར་བསྐོ་བ་དེ་དག་གིས་ནི་བུ་ཅིག་པའི་འདུ་ཤེས




iiif viewer powered by OpenSeadragon

319b - 320b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo