| e-texts navigator |
| Wylie |
319a1 འཛིནད་པ་དང་འདྲ་བའི་སེཾས་དང་ལྡན་པར་འགྱུར་ཏེ། ལེགས་པར་བྱས་པའི་ན་པར་སྨིནད་པ་དང་། རྒྱུ་དང་འཐུན་པ་དེས་ན། བྱང་ཆུབ་སེཾས་དཔའ་སེས་དཔའ་ཆེན་པོ་ནས་མཆོག་ཏུ་ཚེ་རིང་བར་འགྱུར་ལ། ཡེ་ཤེས་ཀྱི་དབང་ཕྱུག་ཏུ
319a2 འགྱུར་ཞིང་འཆི་བ་མྱེད་པར་འགྱུརོ།། དེ་ནས་བསོ་ལྡན་འདས་ལ།། བྱང་ཆུབ་སེས་དཔའ་སེས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོ་ལྡན་འདས་བྱང་ཆུབ་སེས་དཔའ་སེཾས་དཔའ་ཆེན་པོས་ཀྱིམས
319a3 བརྩས་ཏེ་སེཾས་ཅན་ཐོས་ཅད་ལ་བུ་ཅིག་པའི་འདུ་ཤེས་བསྒོ་བར་བགྱི།། བཀའ་སྩལྡ་པ་དེའི་དོན་ཇི་ལྟར་བུ་ལགས།། བཅོ་ལྡན་འདས་ཀ་ལ་ཏེ་བྱང་ཆུབ་སེས་དཔའ་སེཾས་དཔའ་ཆེན་པོས་སེཾས་ཅན་ཐས་ཅད་ལ་བུ་ཅིག་པའི་འདུ་ཤེས་བསྒོ་བར་བ
319a4 འཚལ་ན་ཚིག་དེ་ནི་མྱི་འདོད་པར་བཀྱེ་བ་ལག་སོ།། ཅིའི་སླད་དུ་ཞེ་ན། ཅོ་ལྡན་འདས་བསྟན་པ་འདི་ལ་སེས་ཅན་ཁ་ཅིག་ཚུལ་ཁྲིམས་འཆལ་པ་དང་། མཚམས་མ་མཆིས་པ་བགྱིད་པ་དང་། དམ་པའི་ཆོས་སུན་འབྱིན
319a5 བ་དག་ཀྱང་མཆིས་ན་རྩི་ལེགས་སེཾས་ཅན་དེ་ལྟ་བུ་དག་ལ་ཡང་བུ་ཅིག་པའི་འདུ་ཤེས་བསྐོ་བར་བགྱི་བ་ལགས་སོ།། བཅོ་ལྡན་འདས་ཀྱིས་བཀའ། སུ་སད་པ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་དེ་ལྟ་ལོས་ཀྱང་མདོ།
319a6 ང་ནི་སོས་ཅན་ཐོས་ཅད་ལ་སྭ་གཅན་ཟིན་བཞིན་དུ་ལྟའོ།། འོད་སྲུང་ཆེན་པོ་དེ་རུས་ཅིག་པས་གསོལ་པ།། བཅོ་ལྡན་འདས་འོ་ན་བསྙེན་པར་རྫོགས་པའི་འཁོར་དག་པ་རྣཾས་ཀྱི་བཅོ་ལྔའི་གསོ་སྦྱོང་ལ་བབ་པའི་ཆེ། གཞོན་ནུ
319a7 མ་གྲངས་པ་ལུས་མ་སྦྱངས་པ་བསྙེན་པར་མ་རྫོགས་པ་ཞིག་སྡུག་པའི་གཱི་ཞིག་ཏུ་ཡིབ་སྟེ། ཉན་པ་ན་ཅིའི་སླད་དུ་བཅོ་ལྡན་འདས་ཀྱིས་ཀནང་ནས། གནོད་སྦྱིན་ཀྱི་རྒྱལ་པོ་ལཀ་ན་རྡོ་རྗེས་རྡུལ་ཞིབ་མོ་བཞིན་དུ་ཕྱེ་མར་བླཀས
319a8 ཀྱེ་མ་དེས་དེ་བཀྲུ་བ་ནི་ལག་ན་རྡོ་རྗེས་ཧ་ཅང་ཡང་དྲག་ལཀ་སོ།། དེ་ལྟ་ན་ཇི་ལྟར་བཅོ་ལྡན་འདས་སེས་ཅན་ཐས་ཅད་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ཡད་པ། རིགས་ཀྱི་བུ་དེ་སྐད་མ་ཟེར
319a9 ཅོག། གཞོ་ནུ་དེ་ནི་སྤེ་ལད་པ་ཡིན་ཏེ།། དམ་པོའི་ཆོས་སུན་འབྱིན་པ་རྣཾས་ཚར་གཅད་པ་དང་། བསྐྲད་པར་བྱ་བའི་ཕྱིར་གནོད་སྦྱིན་ཀྱི་རྒྱལ་པོ་ལག་ན་རྡོ་རྗེས་དེ་ལྟར་བསྟན་པར་ཟད་ཀྱི། དམ་པོའི་ཆོས་སུན་ཕྱུང་ཡང་རུང་།། འདོད་ཆེན་པ་ཡང་རུང་སྟེ།