e-texts navigator
Collection
Volume
Page
Wylie

318b1 བཅོམ་ལྡན་འདས་དཔེར་གསོལ་པ། སྦྲང་བུས་ཀན་དང་རྒྱ་མཚོའི་ཕ་མཐར་མཆི་བའོ།། རྒྱ་མཚོའི་ཆ་བ་འཚལ་བའི་རྔོ་རྒྱ་ཐོག་པ་དེ་ནི་མྱེ་སྲིད་ལགས་སོ།། བཅོ་ལྡན་འདས་དེ་བཞིན་དུ་བདག་ནི་སྦྲང་བུ་དང་འདྲ་ལ། བཅོ་ལྡན་འདས་ནི།
318b2 གནམ་དང་རྒྱ་མཚོ་དང་འདྲ་ཞིང་། ཡེ་ཤེས་ཟབ་མོའི་ཆོས་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོའི་གཙུག་གི་ནོར་བུ་དཀོན་པས་རང་གི་ཕྱི་བོས་བླངའ་དེ་བཞིན་དུ་། བདག་གིས་ཀྱང་ཆོས་བཀལ
318b3 སྩལ་པ་ཡང་དག་པར་བླང་བ་འཚལ་ན། ཤེས་རབ་རྒྱུ་བསྐྱེད་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་མཚུངས་པ་མྱེད་པ་ཡོངསུ་གཅད་དུ་གསོལ།། བདག་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། རིགས་ཀྱི་བུ་ཉོན
318b4 ཅིག་གཡས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆེ་དརིང་བར་འགྱུར་བ་དང་། ལས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་གཟུང་བའི་སེམས་ཀྱིས་ཉོན་ཅིག་དང་། ལས་ཀྱི་འབྲས་བུ་དེས་ན
318b5 བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་འགྱུར་རོ།། ཟོས་ནས་ཀྱང་གཞན་ལ་སྟོན་ཅིག། 8གས་ཀྱི་ངས་ཀྱང་ལས་དེ་བྱས་ཤིང་གཞན་དག་ལ་ཡང་བསྟན་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུརྡ་ཏོ།།
318b6 རིགས་ཀྱི་བུ་དཔེར་ན་མྱ་ལ་ལ་ཞིག་བུ་ཅིག་པ་ཐ་རད་པར་བྱ་བའི་ཕྱིར། རྒྱལ་པོའི་བཙོན་རའི་ནང་དུ་འགྲོ་བ་དེ་བཞིན་དུ། བྱང་ཆུབ་སེཾས་དཔའ་ཚེ་རིང་བར་འདོད་པས་ཀྱང་། སེམས་ཅན་ཐམས་ཅད་ལ་བུ་ཅིག་པའི་འདུ་ཤེས་བསྒོམ
318b7 བར་བྱའོ།། དེ་ལྟར་བསྒོམས་ན་འཚེ་བ་ཐམས་ཅད་སྤོང་བར་འགྱུར་ལ། བྱས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དཀའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་ལྡན་པར་འགྱུར་ཞིང་། སྲོག་གཅོད་པ་སྤོང་བར་འགྱུར་བ་དང་།
318b8 ཆོས་འཔྱོད་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་སེཾས་ཅན་དཔག་ཏུ་མྱེད་པ་དག་བསླབ་པའི་གཞི་ལ་འགོད་པར་འགྱུརརོ།། དགེ་བ་བཅུའི་ལས་ཀྱི་ལེ་ལ་ཡང་འགོད་པར་འགྱུརརོ།། གལ་ཏེ་ནུས་ན་སེཾས་ཅན་དམྱལ་བ་དང་ག་ས་མ
318b9 དང་། གཤིན་རྗེའི་འཇིག་རྟེན་དང་། དུད་འཐོར་སྐྱེ་བ་རྣམས་དང་། ས་མྱི་ཟད་པ་བྱེད་པའི་སོམ་ཅན་ནས་ངེས་པར་བསྐལ་བའི་ཕྱིར།། འགྲོ་བ་ཐམས་ཅད་ཀྱི་རྗེ་སུ་འཇུག་པར་བྱེད་ཅི་གྲོལ་ནས་གཞན་དགྲོལ་བར་བྱའོ་སྙནས་དེ་ལ




iiif viewer powered by OpenSeadragon

318a - 319a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo