| e-texts navigator |
| Wylie |
318a1 དང་བདུད་འདྲ་བར།། བརྟན་པོར་འགྱུར་ཞིང་དཔའ་བར་འགྱུར།། ཇི་ལྟར་ཆོས་ཀྱི་སྒོ་རྟོགས་ནས།། ཆོས་ཉིད་ཀྱང་ནི་འཚལ་བར་འགྱུར།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས།། ནད་མྱེད་པར་ཡང་འགྱུར་བ
318a2 ལགས།། སེམས་ཅན་ཀུན་ལ་སྨན་པའི་ཕྱིར།། དེ་དག་ཇི་ལྟར་དགོངས་པ་འཆད།། ཇི་ལྟར་དགེ་བ་ལྷག་མར་བཅས།། ཇི་ལྟར་ཐེ་ཙོམ་སྤངས་པར་འགྱུར།། བློ་གྲོས་ཆེན་པོ་ཇི་ལྟར་ན།། བྱང་ཆུབ་མཆོག་ཏུ་ཉེ་བར་འགྱུར།།
318a3 ཆ་འཕྲ་གཟིགས་པ་ཁྱོད་ཀྱིས་ནི།། བྱང་ཆུབ་སེམས་དཔའི་སྤྱོད་པ་གསུངས།། ཆོས་རྣམས་དུ་མའི་སྒོ་དག་ཀྱང་།། འདྲེན་པ་ཁྱོད་ཀྱིས་བཀའ་སྩོལ་ད་ཅིག།། སེམས་ཅན་ཀུན་ཀྱི་སྨན་པ་པོ།། རྐང་གཉིས་རྣམས་ལ
318a4 སྨན་སྟོན་ད་ཅིག། ཐུབ་པ་ཕུང་པོ་འདི་དག་ལས།། བདག་གིས་ཞུ་བའི་ཡུལ་མ་མཆིས།། བྱང་ཆུབ་སེམས་དཔའ་བརྟན་རྣམས་ཀྱི།། ཡུ་ཡོ་ནི་ཐམས་ཅད་མཁྱེནད་པ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས
318a5 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་འདི། སྐད་ཅེས་བཀའ་སྩལ་ད་ཏོ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།
318a6 རིགས་ཀྱི་བུ་ཁྱོད་ཇི་ལྟར་དེ་བཞིན་གཤེགས་པའི་གསང་བའི་མདོ་ཆེན་པོ་ལས།། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེནད་པ་ནི་ང་འདྲི་བར་མཛད་པ་བཞིན་དུ་འདྲི་བ་ནི་ལེགས་ཏེ་འཇིག་རྟེན་ཀ་ལས
318a7 གང་གའི་ཀླུང་གྱི་མང་པོ་གྲངས་མྱེད་པའི་བྱེ་མ་སྙེད་ཀྱི་ཕ་རོལ་ན་ཐམས་ཅད་མཁྱེནད་པ་རཔ་ར་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་དག། ང་དང་ཐབས་ཅིག་ཏུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་ཕྱིར་རོ་ལ་ཏེ། བྱང་ཆུབ
318a8 བཙལ་བས། དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དོན་དུ་བྱང་ཆུབ་ཀྱི་ཕྱིར་རོ་ལད་པ་དེ་བཞིན་དུ། ཁྱོད་ཀྱང་སེཾས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། ཡོན་ཏན་གི་མྱི་གཅིག་པའི་ཚུལ་ཐམས་ཅད་མཁྱེནད་པའི་ལུས
318a9 དྲི་ཞིང་འདུག་གོ།། དེ་ནས་བཅོ་ལྡན་འདས་ལ་འོད་སྲུང་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོཾ་ལྡན་འདས་བདག་གིས་ནི་ཐོས་ཅད་མཁྱེན་པའི་ཡུལ་ཞུ་བའི་རྔོ་མྱ་ལོག་མོད་ཀྱི། ཅུང་ཟད་ཅིག་ཞུ་བར་འཚལོ