| e-texts navigator |
| Wylie |
310b1 ཟད་པར་འགྱུར། གཟུགས་མྱེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཡང་དག་པར་ཆད་པར་འགྱུར་ལགས་སོ།།
310b2 བཅོམ་ལྡན་འདས་དཔེར་ག་སོལ་ན། སྟོན་གྱི་དུས་སུ་ཞིང་པས་རྨོངས་པར་བཏབ་སྟེ། རྩ་བ་འཛིངེས་པར་ཐམས་ཅད་སེལྡ་པར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་མྱི་རྟག་པའི་འདུ་ཤེས་བརྟེན
310b3 ཅིང་བསྒོམས་ཏེ་མང་དུ་བགྱེས་པས་འདོད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར།། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་མྱེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར
310b4 མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཡང་དག་པར་ཆད་པར་འགྱུར་རོ།། ཞི་བླས་ཐམས་ཅད་ཀྱི་ནང་ན་ནི་སྟོན་ཀྱི་ཞིང་བླས་མཆོག་ཏུ་བསྟན་ཏོ་ཞེས
310b5 བྱ་བ་མས་རྫོགས་པ་གླང་པོ་ཆེར་རྗེས་ལྟ་བུའི་མདོ་ལས་འབྱུང་བ། བཞིན་དུ་རྒྱས་པར་སྦྱར་རོ།། བཅོམ་ལྡན་འདས་དཔེར་ཀསོ།། ལད་པ་རྒྱལ་པོའི་ཆེ་བའི་ཚེ། བདག་གི་བཙོན་ར་བསལ་ཏེ། སེམས
310b6 ཅན་རྣམས་བཙོན་རའི་གནོད་པས་ཉོན་མོངས་པ་ཡར་ཐར་པར་བགྱིས་ནས། དེའི་འོག་ཏུ་འཆི་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡ་ན་འདས་ཁྱོད་ཀྱིས་ཀྱང་སེམས་ཅན་མྱི་ཤེས་པས་རྣམ་པ་སྣ་ཚོགས
310b7 ཀྱི་བཙོན་རར་བྲུབས་པ་རྣམས་ཀྱི་མྱི་ཤེས་པའི་འཆིང་བ་རྣམས་བཅད་ནས། དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་གསོལ།། བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན། སེམས
310b8 ཅན་འབྱུང་པོ་དང་ཤ་ཟའི་གནོད་ཀྱིས་བརླམས་པ་ལས། སྨན་པ་ཆེན་པོ་དང་ཕྲད་ན་འབྱུང་པོ་དང་ཤ་ཟ་གནོད་རྣམས་ཀྱིས་ཐེབས་པ་ཐམས་ཅད་ལས་ཐ་རད་པར་འགྱུར་བ་དེ་བཞིན་དུ། ཁྱོད་དང་མཇལ་ན་ཉན་ཐོས་ཀྱི
310b9 ཚོགས་ཐམས་ཅད་ཀྱི་མྱི་ཤེས་པ་རྣམ་པ་སྣ་ཚོགས་ཀྱི་འབྱུང་པོ་དང་། ཤ་ཟའི་གནོད་རྣམས་ལས་ཡོངས་སུ་ཐ་རད་པར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི་ནད་པ་ཉིད་འོང་དུ་ཆུད་པར་བགྱིད་ལགས་སོ།།