e-texts navigator
Collection
Volume
Page
Wylie

310a1 ཡིད་གཉིས་སམ་ཐེ་ཙོམ་པ་པ་ནི་དང་ཅི་ཡོད་པ་དེ་དང་དེ་དག་ཞུས་ཤིག་དང་། ཐམས་ཅད་གཅད་པར་བྱའོ།། བདུད་རྒྱའི་མཆོག་ཀྱང་ཁྱེད་ལ་བསྟན་པར་བྱ་སྟེ། དེའི་འོག་ཏུ་ཡོངས་སུ་མྱ་ངམ་ལ
310a2 འདའ་བར་བྱའོ།། དགེ་སློང་དགྲ་སངས་རྒྱས་འབྱུང་བ་རྙེད་པར་དཀའོ།། མྱིའི་ལུས་ཐོབ་པ་རྙེད་པར་དཀའོ།། དད་པ་ཕུན་སུམ་ཚོགས་པ་རྙེད་པར་དཀའོ།། བཟོད་པ་དང་རྒྱལ་ཁྲིམས་ཕུན་སུམ་ཚོགས་པ
310a3 མ་ཞིཀྲ་མ་རལ་པ་ཡང་ཤིན་ཏུ་རྙེད་པར་དཀའོ།། འཇིག་རྟེན་ན་དགྲ་བཅོམ་པ་ཐོབ་པ་ནི། ཀསེར་གྱི་བྱེ་མ་དང་སུ་རུམ་པ་རའི་མྱེ་ཏོག་བཞིན་དུ་རྙེད་པར་དཀའོ།། དགེ་སློང་དག་འདི་ལྟ་སྟེ། ས་ནི་ཐམས
310a4 ཅད་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་འཚོ་བ་ཡིན་ཏེ། དེ་བཞི་དན་དུ་ངའི་ཆོས་བསྟནད་པ་རྣམ་པ་སྣ་ཚོགས་ཀསང་བའི་ཐརདད་པའི་གྲོང་ཁྱེར་གྱི་བདུད་རྩིའི་ཟས་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ།
310a5 སེམས་ཅན་ཐམས་ཅད་ངའི་སྲས་དགེ་སློང་ཐམས་ཅད་ལ་དམ་པ། འི་ཆོས་མང་པོ་བརྟན་པོར་གཞག་གོ།། གཞན་ཡང་སེམ་ས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དེ་བཞིན་གཤེགས་པའི
310a6 ཡོན་ཏན་ཆེ་བ་ཉིད་བསྒྲགས་ཏེ། ཡི་གེ་འབྲུ་ཅིག་པའི་ཐིག་ལེའི་གཏམ་ཡང་བཞག་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ།། དེ་ནས་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན
310a7 ལས་འདའོ་ཞེས་ཟོས་ནས། མྱི་དཀའ་བར་གྱུར་ད་ཏེ་སྤྱི་བུར་ཞེས་བྱས་ནས་མྱཀ་མཚམས་ཀང་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་མང་དུ་བསྐོར
310a8 བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ཀོ་སོ་ཡང་ཏོ།། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བ་དང་། མྱེ་རྟག་པ་དང་། བདག་མྱེད་པ་དང་། རྗེས་ཐམས་ཅད་ཀྱི་ནང་ན་གླང་པོའི་རྗེས་མཆོག
310a9 ཡིན་པར་བསྟན་ཏོ་ཞེས་གསུངས་ཏེ། དེ་ལྟར་མྱི་རྟག་པའི་འདུ་ཤེས་བསྟེན་ཅིང་བསྒོམས་ཏེ་མེད་དུ་བགྱིས་པས་འདོད་པའི་འདོད་ཆགས་ཐམས་ཅད་བང་པར་འགྱུར།། གཟུགས་ཀྱི་འདོད་ཆགས་ཐམས་ཅད




iiif viewer powered by OpenSeadragon

309b - 310b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo