e-texts navigator
Collection
Volume
Page
Wylie

309b1 སྐྱི་ལགྱིད་པ་དང་། རིག་པའི་གནས་གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ།། བཅོམ་ལྡན་འདས་དཔེར་གསོལ་ན། བྱིས་པའམ་རྒན་མོ་འམ་ནད་པ་ལ་ལ་ཞིག་ལམ་བཟང་པོ་ལས་ཀོལ་ཏེ། ལམ་ངན་པར་མཆིས་ན
309b2 ཤནང་ཏུ་སྡུག་བསྔལ་བར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་སེམས་ཅན་ལམ་ངན་པར་མཆིས་པ་རྣམས་ལུས་དང་བྲལ་བའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་སྔལ་མྱོང་བར་གྱུར་ད་ལགས་ན། བཅོམ
309b3 ལྡན་འདས་ལམ་སྟོནད་པ་ཡུན་རིང་དུ་བཞུགས་སུ་གསོལ།། ཡ་མཚུན་ཅན་དགུ་བཅུ་རྩ་དྲུག་དང་ཚིགས་སུ་བཅད་པ་བཞི་བཅུ་རྩ་ལྔ་ལ་ཡང་དེ་བཞིན་དུ་སྦྱར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ
309b4 བཀའ་སྩལ་པ་དགེ་སློང་དག་ཁྱེད་ལྷ་དང་མྱི་རྣམས་ད་ལྟར་བྱིས་པའི་སྡེ་སྔགས་འདོན་པ་དག་མ་བྱེ་བར་བརྩོན་འགྲུས་རྩོམས་ཤིག།། དེ་ནས་སྭ་དང་ལཱ་མ་ཡིན་དང་མྱི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་གསུང་བྲེ་གྲོས
309b5 རང་འདྲན་པ་དང་། དེ་ཁོ་ན་ཉིད་དུ་འགྲོ་བ་ཟོས་ནས། ཇི་ལྟར་བུ་ཅི། ཀཱ་པ་ཤི་ནས་དུར་ཁྲོད་དུ་བོར་བ་བཞིན་དུ། དེ་དག་སྡུག་བསྔལ་བར་གྱུར་ད་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཡོ་ཚིགས་སུ
309b6 བཅད་དེ་བཀའ་སྩལ་དཔ།། ཁྱེད་རྣམས་ངེས་པར་བདེར་འགྱུརཅིག།། མྱ་ངན་མ་བྱེད་མ་དུ་ཞིག། འདི་ནི་སངས་རྒྱས་ན་མས་ཀྱི་ཆོས། ཐམས་ཅད་མྱ་སྨེ་འཁོད་པར་གྱིས།། བག་མྱེད
309b7 བར་ནི་མ་གནས་པར།། བཀ་ཡོད་པ་ལ་དཀའ་བར་གྱིས།། ཁྱོད་སྟོང་པའམ་སྟོང་པ་མ་ཡིན་པའམ།། རྟག་པ་དང་མྱི་རྟག་པ་འམ།། སྐྱབས་དང་སྐྱབས་མ་ཡིན་པ་འམ།། འགྲོ་བ་དང་མྱི་འགྲོ་བ་འམ།། རྟེན་དང
309b8 རྟེན་མ་ཡིན་པ་འམ། ཟེར་ཟུག་དང་ཟེར་ཟུར་མ་ཡིན་པ་འམ།། བརྟན་པ་དང་བརྟན་པ་མ་ཡིན་པའམ།། སེམས་ཅན་དང་སེམས་ཅན་མྱེད་པའམ།། ཡང་དག་པ་དང་ཡང་དག་པ་མ་ཡིན་པའམ།། བདེན་པ་དང་།
309b9 བདེན་པ་མ་ཡིན་པའམ།། མྱ་ངན་འདས་དང་མྱ་ངན་འདས་པ་མ་ཡིན་པའམ།། གསང་བ་དང་གསང་བ་མ་ཡིན་པའམ།། གཉིས་དང་གཉིས་སུ་མྱེད་པའམ།། དེ་བཞིན་དུ་ཆོས་རྣམ་པ་ཏུ་མ་དག་ལ།། སོམ་ཉི་འམ




iiif viewer powered by OpenSeadragon

309a - 310a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo