e-texts navigator
Collection
Volume
Page
Wylie

309a1 ཡ་རྒྱལ་པོ་ལ་ལ་ཞིག་གིས་བུ་སུ་གཅིང་འཕངས་པ་ག་མཆིས་ལ་ར་དེས་དེ་ཆོས་ལུགས་ཀྱི་བསྟན་བཅོས་བསླབས་ནས།། འདི་སོད་ཅིག་ཅེས་བཀའ་ཕུལ་དཔ་དེ་བཞིན་དུ། བདག་ཅག་བཅོམ་ལྡན་འདས་དམ་པའི
309a2 ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲས་རྣམས་ཀྱང་ཡང་དག་པའི་ལྟ་བ་བསྐྱེད་ནས་བཀུམ་གིས་མ་མཆིས་ན།། བཅོམ་ལྡན་འདས་རྒྱལ་པོའི་བུ་ཇི་ལྟ་བ་དེ་བཞིན་དུ། བདག་ཅག་མྱི་འགུམ་པར་བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཡུན་རིང
309a3 བཞུགས་སུ་གསོལ།། ཇི་ལྟར་ལ་ལ་ཞིག་གཞུང་གིས་རྩོད་པའི་བསྟན་བཅོས་ལ་བསྟེན་པ་ལ། སྐྲག་པར་འགྱུར་བ་དེ་བཞིན་དུ། ཁྱོད་ཀྱི་ས་པར་མཛད་ཅིག། དེ་ཁོ་ན་ཉིད་མཁྱེནད་བཞིན་དུ། བདག་ཅག་སེམས་ཅན་དམྱལ
309a4 བར་མཆི་བར་མཛད་ཅིང་། དམ་པའི་ཆོས་ཀྱི་བདུད་རྩིའི་བཅུད་ཀྱིས་དཚིམ་པར་མཛད་ཅིང་། དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་དསུ་གསོལ།། ཇི་ལྟར་རྒྱལ་པོའི་བཙོན་རར་གནོད་པའི་ལས་རྣམས
309a5 ཀྱིས་དང་པོ་ཉོན་མོངས་པ་ན་ལ་ལ་ཞིག་གིས་ཁྱོད་ཀྱིས་ན་ཚ་ཇི་ལྟ་བུ་ཞིག་མྱོང་ཞེས་སྨྲས་ན།། དེས་དེ་ལ་སྨྲས་པ་དེ་ནི་དེ་བཞིན་ཏེ། ཀང་ཀི་ཆེ་བདག་སྡུག་བསྔལ་གི་ཚོར་བ་ལས་ཐརྡ་པར་གྱུར་པ་དེའི
309a6 མྱ་ངན་ལས་འདས་པ་ཡིན་ཏེ། བདེ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ་ཞེས་མཆི་བ་དེ་བཞིན་དུ། བདག་ཅག་ཐམས་ཅད་ཀྱང་ཁྱོད་བཞུགས་ན། རྒྱལ་བའི་བཙོན་མ་ནས་ཐར་པ་བཞིན་དུ།། མྱ་ངན་ལས་འདའ་བ་ལགས་ན
309a7 དེའི་སར་དུ་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་སུ་གསོལ། བཅོམ་ལྡན་འདས་དཔེར་གསོལ་ན་སྨན་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ལ་མཁས་པས། བདག་གི་བུ་ལ་ནི་རྒྱུད་ཕྱི་མ་སློབ་པར་བགྱིད་ཀྱི་སློབ་མ་ལ་ནི
309a8 བདག་དང་མཉམ་པར་འགྱུར་དུ་དོཀས་ནས་སློབ་པར་མྱི་བགྱིད་པ་དེ་བཞིན་དུ།། ཆོས་ཀྱི་རྒྱལ་པོ་སྨན་པ་ཆེན་པོ་སེར་སྣ་མྱ་མངའ་བ་ཁྱོད་ཀྱིས་ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་ལ་དེ་ལྟར་མྱི་མཛད་པར་བཅོམ་ལྡན་འ།
309a9 ཡུན་རིང་དུ་བཞུགས་སུ་གསོལ། དེ་བཞིན་དུ་ཤིང་རྟ་པ་ཤིང་རྟའི་རིག་བྱེད་ལ་མཁས་པས་བདག་ཀཻ་བུ་ལ་ནི་རྒྱུད་ཕྱི་མ་སྐྲ་གྲགས་པར་ཕོག་པའི་དཔྱད་ཐམས་ཅད་སློབ་པར་བགྱིད་ཀྱི་སློབ་མ་ལ་ནི་སློབ་པར




iiif viewer powered by OpenSeadragon

308b - 309b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo