| e-texts navigator |
| Wylie |
308b1 ས་ཏོ།། ། ས་བདག་ཅག་རྣམས།། འགེ་བོས་ཕྱག་འཚལ་གསོལ་བ་འདེབས།། རྒྱལ་བ་ཁྱུ་མཆོག་ཁྱོར་དང་ནི།། བྲལ་ན་བདག་ཅག་འགོན་མྱེད་འགྱུར།། དེང་པྱོད་མྱ་ངན་འདའ་འགྱུར་འདི་བསམས་ན།། བདག་ཅག་སྡུག་བསྔལ་ཤི་ནད་ཏུ
308b2 གཏིང་ཟབ་བྱིང་།། ཐུབ་པ་བདག་ཅག་སྙིང་འི་སྟོ་ང་པར་གྱུར་དུ།། བ་བའོན་ཀུ་དབྱེར་བྱེའུ་ས་ཀ་ཆགས་པ་བཞིན།། འགོན་མྱེད་དབུལ་པོའི་མྱི་ནི་ལ་ལ་ཞིག། རད་ཀྱིས་ཐེབས་པ་ས་དད་པ་མྱེད་པ་དང་།། རང་དག་རི་བྱེད་ཅིང་འ་ཟས
308b3 གནོད་པ་ལྟར།། ཟ་བ་ཇི་ལྟར་འཆི་བར་འགྱུར་བ་བཞིན།། སྐྱེ་བོ་འདི་དག་ཉོར་མོངས་ནད་ཀྱིས་ཐེབས།། ཁྱོད་མྱེད་ཁྱོད་ཀྱི་ཆོས་ཀྱི་གསོས་མྱེད་པས།། ལྟ་བའི་ཉེས་པས་རེ་འདྲར་འཆི་བར་འགྱུར།། དེ་བས་པར་ཕྱིར་འཇིག་རྟེན་མ
308b4 དོར་ཅིག། ཇི་ལྟར་གྲོང་ཁྱེར་རྒྱལ་དང་བྲལ་བ་དང་།། དབུལ་པོ་རྣམས་ལ་མུ་གེ་བྱུང་བ་དང་།། ཇི་ལྟར་དཀོན་པར་སྐོམ་གྱིས་གདུངས་པ་བཞིན།། ཁྱོད་འདས་འོ་ག་ཏུ་བདག་ཅག་དེ་འདྲར་འགྱུར།། སེམས་ཅན་གཅེས་ཁྱོད་མྱ་ངན་འདའ
308b5 བཞེད་པས།། ས་གཞི་རབ་ཏུ་གཡོས་ཤིང་ཕྱོགས་ཀྱང་འཚོལ་།། རྒྱ་མ། ཚེ་ཆེན་པོ་དག་ཀྱང་རྣམ་པར་འཞུགས།། བདག་ཅག་ཀུན་ཀྱང་སྟུཀ། ཅིང་བསྔལ་བར་གྱུར་པ།། དྲང་སྲོང་ཆེན་པོ་དེང་ཁྱོད་མྱ་ངན་ལས།། འདས
308b6 ན་ཉི་མ་འདས་ལ་ལྷུང་ཡང་དག། རྒྱ་མཚོ་ཆེན་པོ་དག་ཀྱང་རྣམ་པར་འཐུགས་བདག་ཅག་ཀུན་ཀྱང་དེང་དུ་འགུམ་ལགས་གྲང་།། ཇི་ལྟར་སྟོབས་ལྡན་ཀྱིས་ནི་སྒོ་གསེབ་ནས།། གླང་ཆེན་ཁྱེར་ཏེ་ནང་དུ་འདུལ་བགྱིད་པ།
308b7 ཤིནད་ཏུ་ཉོན་མོངས་འགྱུར་བ་དེ་བཞིན་དུ།། བདག་ཅག་ཐམས་ཅད་རབ་ཏུ་ཉོན་མོངས་གྱུར་།། ཇི་ལྟར་བུ་ཅིག་འགུམ་པར་མྱི་འཚལ་ཞིང་།། མྱ་ངན་ཁྱོད་འདའ་བདག་ཅག་དེ་མྱི་འཚལ།། གལ་ཏེ་ཁྱོད་ནི་མྱ་ངན་འདའ་བ་ལས།། མྱི་གཞེས
308b8 བདག་ཅག་ཐམས་ཅད་སྤོངས་པར་འགྱུར།། ཁྱོད་ནི་མྱ་ངན་འདས་ལམ་གཤེགས་མཐོང་བས།། དུད་འགྲོ་མང་པོ་འང་གཞར་ངན་ཆེར་བགྱིད་ན།། བདག་ཅག་ཇི་ལྟར་གཡར་ངན་མྱི་འཚལ་ལགས།། བདག་ཅག་མཆིལ་མ་བཞིན་དུ་མ་དོར
308b9 ཅིག། ཉི་མ་འཆར་ཀར་རང་གི་འོད་གསལ་བས།། མུན་དག། རྣམ་པར་བཅོམ་པ་དེ་བཞིན་དུ།། འཕྲུལ་ཅན་ཁྱོད་ཀྱིས་སྡུག་བསྔལ་མུན་བསལ་ཏེ།། དགེ་འདུན་བུས་སུ་རི་རབ་བཞིན་དུ་གཞུགས།། བཅོམ་ལྡན་འདས་དཔེར་གསོལ་ཡ།