| e-texts navigator |
| Wylie |
301a1 པ་ཉིས་འགྱུར་ད་ཉིས་གྱུར་ཀྱིས་མེ་བ་ཤཱ་སྟག་དང་ཆས་ཏེ་དེ་དག་དེར་སྦགས་ནས། བཅོམ་ལྡན་འདས་ལ་པད་མ་དག་ཀྲིས་མཆོད་པ་བྱས་ཏེ། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། ཤིངས་ལ་ཟུང་གྱི
301a2 དྲུང་གྲུབ་པའི་གནས་དེ་ཉིད་ན་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་ཚད་ཀྱི་སྒོ་གྱིསནི་ལ་སེམས་ཅན་ཐམས་ཅད་མྱི་འཁོད་པའི་ཀོ་སྐབས་ཅི་ཡང་མྱེད་དེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལུས་ཆེ་བ་རང་རང་གི་གཡོག
301a3 འཁོར་དང་བཅས་པ་དེ་རྣམས་ཀྱང་ཁ་ཅིག་ནི་ས་ཕྱོགས་སྨྱུང་བུའི་རྩེ་མོའི་ཁྱོན་ཙམ་ལ་འཁོད་དོ།། ཁ་ཅིག་ནི་ཁབ་ཀྱི་རྩེ་མོའི་བྱོན་ཙམ་ལ་འཁོད་དོ།། ཁ་ཅིག་ནི་རྟུལ་འཕྲན་ཀྱི་བྱོན་ཙམ་ལ་བག་ཡངས་སུ་འཁོད་དོ།། འཇིག་རྟེན་གྱི་ལས
301a4 རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན་བྱང་ཆུབ་སེམས་དཔལ་འོད་པ་དེ་དག་ཀྱང་ཐབས་དེ་ལྟ་བུར་ལྤགས་ཏེ་འཁོད་དོ།། འཛམ་བུ་གླིང་གི་སེམས་ཅན་ཡང་། ཚེ་དང་ལྡན་པ་འོད་སྲུང་དང་། གནས་བརྟན་ཀུན་དགའ
301a5 བོ་དང་། རྒྱལ་པོ་མ་སྐྱེས་དགྲ་རྣམས་མ་གཏོགས་པར་དེར་མ་འོད། ས་སུ་ཡང་མྱེད་དེ། ཐ་ན་མྱི་གདུགས་པ་དང་། སྦྲུལ་གདུག་པ་དང་། སྡིག་པ་དང་། སྡོམ་ལས་སྩོགས་པ་ལས་མྱི་བཟད་པ་བཅུ་དྲུག་བྱེད
301a6 པ་ཡན་ཆད་ཀྱང་དེར་ལྷགས་སོ།། སྦྱིན་བྱེད་མོའི་བུ་དང་། ལྷ་མ་ཡིན་རྟག་ཏུ་ཁོན་ཀྱི་བསམ་པ་ཅན་ཐམས་ཅད་ཀྱང་སྡིག་པའི་ལས་སྤངས་ནས། གཅིག་ལ་གཅིག་བུ་དང་མ་དང་སྲིང་མོ་དང་འདྲ་བར་སེམས་པར་གྱུར་ཏོ།།
301a7 སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་འམས་ན་འདོད་པའི་སེམས་ཅན་ཐམས་ཅད་ཀྱང་གཅིག་ལ་གཅིག་པ་བཞིན་དུ་བྱམས་པར་བྱེད་དེ། འདོད་ཆེན་པོ་ནི་མ་གཏོགས་སོ།། མྱི་མཇེད་ཀྱི་འཇིག་རྟེན་ཀི་ཁམས་འདི་ཡང་དེ་བཞིན
301a8 གཤེགས་པའི་མཐུས་བོང་བ་དང་། རྡོ་དང་། གསེག་མ་དང་། རྩུ་བ་དང་ཆེར་མ་མྱེད་པར་གྱུར་ད་ཏེ། ཤིང་ལྗོན་པ་རིན་པོ་ཆེའི་ཁྲི་ཤིང་ཀྱིས་བཀྲིས་པ། མཉེན་ཞིང་རེ་ཀ་ན་འཇམ་པ་དག་དང་ལྡན་ཞིང་། འཇིག་རྟེན་ཀི་ཁམས་བདེ་བ
301a9 ཅན་དང་འདྲ་བར་གྱུར་ད་ཏོ།། སེམས་ཅན་དེར་ལྷགས་པ་ཐམས་ཅད་ཀྱིས་ཀྱང་དེ་ན་འཁོད་བཞིན་དུ་ཇི་ལྟར་མྱེ་ལོར་ཀྱི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ། རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་ཀྱི་འཇིག་རྟེན་ཀི་ཐམས་དང་། སངས