e-texts navigator
Collection
Volume
Page
Wylie

300b1 དེ་དག་ལ་རྒྱལ་པོ་དེ་དཀའ་ཁོད་ཅིང་། སེམས་ཅན་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སློབ་པར་བྱེད་དེ། རྒྱལ་པོ་དེ་དག་གི་མདུན་ནལ་ལ་ནི་ཡི་གེ་འདྲི། ལ་ལ་ནི་ཀློག། ལ་ལ་ནི་ཁ་ཏོར་བྱེད།། དེ་ལྟར་བྱང་ཆུབ་སེམས་དག
300b2 སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་བ་སྤུའི་ཞུང་བུ་ནས་སྐྱེས་པའི་པད་མ་དག་ལ་འཁོད་པའི་སེམས་ཅན་དེ་དག་འདོད་པའི་ཡོན་ཏན་ལྔའི་དཀའ་བ་དང་ལྡན་པ་ཡང་དེ་དག་ཡོངས་སུ་སྤངས་ནས་མྱ་ངན་གྱིས་གདུངས་ཏེ་སྨེ། སྭ་།
300b3 འདོས་ཅིང་། ཀྱི་ཧུད་ཀྱི་ཧུད་ཅེས་ཟ་ཞིང་འཁོད་དོ།། ཉེས་གྱུརབ་ཏུ་མཆོད་པའི་ཚོགས་དབུལ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུས་ཆེན་མཐའ་སས། བྱང་ཆུབ་སེམས་དཔའ་དཔག་ཏུ་མྱེད་པས་བརྗོན
300b4 ཏེ། དེ་ལྟ་བུའི་འབྱོར་ད་པའི་རྣམ་པ་དག་སྟོན་ཅིང་། མཆོད་པའི་ཆོ་ག་ས་ཆེན་པོ་དང་། ཞལ་ཟས་ཆེས་རྒྱ་ཆེ་བ་དག་ཁྱེར་འོངས་ནས་ཞལ་ཟས་རེ་དག་དང་། པད་མ་དེ་དག་ཀཽ་དྲི་གསུང་ཚོར་བ་གང་ཡིན་པ་དེ་དག་ཀྱང
300b5 ཉོན་མོངས་པ་དང་བྲལ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའི་མ། ཐུ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་མཐོང་བར་གྱུརཔ། ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཿ།
300b6 ཡས་ཀྱི་ཚད་ཀྱང་ནམ་མཁའ་དང་མཉམ་པར་འདུག་སྟེ། སུས་ཀྱང་མཐོང་བར་གྱི་ནུས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བཅོམ་ལྡན་འདས་ཀྱི་ཐང་དུ་སོང་སྟེ།
300b7 ཞབས་ལ་འགེ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ད་ནས་འདི་སྐད་ཅེས་གསོལ་ད་ཏོ།། བདག་གིས་ཕུལ་བ་བཞལ་ཟས་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ།། དེ་ནས་བཅོམ་ལྡན་འདས་ཅད་མྱི་གསུང་བར་གྱུར་ད་ཏེ། ལན
300b8 གཉིས་ལན་གསུམ་སུ་གསོལ་ཀྱང་བཅོམ་ལྡན་འདས་ཅད་མྱི་གསུང་བར་བཞུགས་ནས། བྱང་ཆུབ་སེམས་དཔའ་དེ་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་བཞིན་དུ་ལྕེ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ད
300b9 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲས་ཆེན་མཐའ་ཡས་ཞེས་བྱ་བ་འཁོར་གྱི་ཚོགས་ཆེན་པོ་དང་ལྡན་པ་ཤ་སྟག་སྤགས་ཏེ། དེ་དག་གི་པད་མ་དང་གྲོང་ཁྱེར་ཀྱི་ཚད་ཀྱང་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བ་དང་།། འབྱོར།




iiif viewer powered by OpenSeadragon

300a - 301a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo