| e-texts navigator |
| Wylie |
300a1 སེམ་ས་རྫིང་དུ་ཟས་བུ་པ་ཀྲི་མད་བྱེད་བུ་སྔ་ཡོད་དོ།། རི་ཤུའི་སྐྱེ་དེ་དག་ཀྱང་བདུས་དང་། ཨུད་པ་ལ་དང་། ཀུ་མུ་ཏ་དོན་པ་སོགས་དྲི་ཞིམ་མོ་ཤིང་ནའི་ཡང་མ་ཅོམ་ན་ཝཱག་གིས་ཁྱེགས་པར
300a2 འདུག་ལ། ཤིང་ལྗོན་པ་མེ་ཏོག་རྒྱས་པའི་འཕྲེང་བས་མཛེས་པར་བྱས་སོ།། བསྐྱེད་མོས་ཚལ་ཁོར་ཁོར་ཡུག་ན་ཡང་། ངང་དུར་དང་། ཟལ་མོ་དང་ཐུང་ཐུང་ཤུག་དག་གིས་པད་མའི་ཟེ་འབྲུ་མྱང་བར་བྱེད་དོ།། ཥོ་ར་ཁོར
300a3 ཨུཀ་ཀི་བསྐྱེད་མོས་ཚལ་དེ་དང་དེ་དག་ན་ཡང་འང་ཁྱིམ་དག་ཡོད་ལ། ཁང་པ་རེ་རེ་ལ་ཡང་ཆུ་ཞེང་དུ་དཔག་ཚད་བཞི་བཞི་ཡོད་དེ། ཅིག་པ་ནི་གསེར་དང་། དངུལ་དང་། བྱེ་དུརྱ་དང་། ཤེལ་ལས་བྱས། ས་ཀའི་ནི་ཀཻ་ཀེ་རུ་ལས་གྲུབ
300a4 པ་སྟེ། ནོར་བུའི་འཇོ་ཆར་གྱིས་སྤེལྡ་ཅིང་སྣང་བར་བྱས་པའི་མུ་ཏིག་གི་དོ་ཤལ་སྦྱངས་པ་དང་ལྡན་པ། གསེར་གྱི་རྟ་བབས་ཆེན་པོ་དང་། སྐར་ཞུང་དང་། དྲ་བ་དག་གིས་བརྒྱནད་པའི་ཞར་བཟངས་མཐོན་པོ
300a5 གཞི་ཀ་སེར་ཀི་བྱ་མ་བདལྡ་པ་དང་ལྡན་པ་ཤ་སྟག་ཀོ།། རྫིང་བུ་ན་མས་ཀྱུ་འདྲུས་པའི་ལམ་གསེར་གྱི་ཐིམ་སྨྲས་ཐེམ་པ་བཅོ་བརྒྱད་དང་ལྡན་བ་དང་། མཐ་ཐོག་ཐག་ཏུ་གསེར་ཀ་ཆུ་ཤིང་ཀི་འཕྲེང་བས་མཛེས་པར
300a6 བྱས་པ། ལྷའི་ཙིན་དན་གྱི་དྲི་བསྲུང་ཅན་གྱི་ཆུ་དང་ལྡན་པ་ཤ་སྟག་གོ།། གྲོང་ཁྱེར་ཆེན་པོ་དེ་དག་རེ་རེའི་ནང་མ་ཡང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་བརྒྱད་ཕྲི་བཞི་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་བུད་མྱེད་ཀྱི་ཚོགས་དཔག་ཏུ་མྱེད་པ་དག
300a7 ཀྱིས་བསྐོར་ད་ཅིང་། འདོད་པའི་ཡོན་ཏན་ལྔ་དང་ལྡན་ཏེ་རྩེ་ཞིང་དགའ་ལ་དཀའ་དྲགུར་སྤྱོད་དོ།། སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་སྟེ། ས་ཕྱོགས་ཀ་ཙ་ལ་ནི་དའི་གོས་ལྟར་རེ་ཀ་ན་བདེ་བ་ཙན་དན་གི་ཆུས་ཆག་ཆག་བཏབ་པ།
300a8 མེ་ཏོག་ཀ་སིལ་མས་གཏོར་པ། གཞན་དག་ན་རྩེ་ཞིང་དགའ་ལ་དཀའ་དགུར་སྤྱོད་དོ།། གྲོང་ཁྱེར་ཆེན་པོ་དེ་དག་ན་ཐེག་པ་སྨེ་མ་ཀ་ཏོགས་པར། ཐེག་པ་གཞན་གྱི་སྨ་མྱེད་དོ།། པད་མ་ཆེན་པོ་དེ་དཀ་ལ་ཡང་སེང་གེའི
300a9 ཁྲི་ཆེན་པོ་གང་པ་གསེར་དང་དངུལ་དང་། བྱེ་རུརྱ་དང་། ཤེལ་ལས་བྱས་པ། ཀ་ལིང་ཀའི་རིས་ཀྱིས་གཡོགས་པ། མེ་བས་འོས་པ། འཇིག་ཏེར་གསུམ་ན་ཕུལ་དུ་བྱས་པ་ཤ་སྟག་གིས་དཀྲིས་ཏེ། སེང་གེའི