| e-texts navigator |
| Wylie |
298b1 རྟེན་གྱི་ཁམས་ཡིད་ཕྲོགས་སྒྲ་སྙན་མུ་ཐུག་ཅེས་བྱ་བ་ཞིག་ཡོད་དེ། རེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་བཞུགས་ཏེ། དེས་སྲས་ཀྱི་བུ་བོ་ཉན་ཐོས
298b2 ལུས་ཆེན་མཐའ་ཡས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མྱི་མཆེད་ཀྱི་འཇིག་རྟེན་གི་ཁམས་སུ་ལོང་ལ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤག་ཀྱ་ཐུབ་པ་ཞེས་བྱ་བ་རིང་པོ
298b3 ཀྱི་ཐོགས་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས། རིགས་ཀྱི་བུ་ཁྱོད་ཀྱིས་དེའི་དོན་ཏུ་འཇིག་རྟེན་གྱི་ཁམས་འདི་ནས་ཞལ་ཟས་ཞིམ་པོ་ཕན་པ་དག་ཁྱེར་ཏེ་སོང་ཤིག། མཆོད་པ་ཆེན་པོ་དག་ཕྱིར་ཏེ་སོང་ལ། དེ་ལ
298b4 འདི་སྐད་དུ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཀྱི་ཞལ་ཟས་འདི་གསོལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་མཛད་དུ་གསོལ་ཞེས་ཀྱིས་ཤིག། ཁྱོད་ཀྱིས་ཐེ་ཙོམ་དང་ཡིད་གཉིས་ཅི་དང་ཅི་ཡོད་པ་དེ་དང་དེ
298b5 དག་ཀྱང་དེ་བཞིན་གཤེགས་པ་དེ་འོ་ན་ལེ་ལེགས་པར་ཞུས་ཤིག། དང་། དེས་ཁྱོད་ལ་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུས་ཆེན་མཐའ
298b6 ཡས་དེས་ལེགས་སོ་ལེགས་སོ་ཞེས་གསོལ་ནས། དེ་བཞིན་ཀགས་པ་དེ་ལ་བསྐོར་བ་བྱས་ནས་ཞབས་ལ་འགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་པོ་གྲངས་ཀྱི
298b7 པས་བསྐོར་ད་ཅིང་མདུན་དུ་བདངནས་ཀྱི་མཇེད་ཀྱི་འཇིག་ཆེད་གི་ཁམས་འདིར་འོངས་སོ།། དེ་ནས་དེའི་ཚེ་སྟོང་གསུལ་གྱི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་གསོས་རབ་ཏུ་གཡོས། འགུས་ད་རབ་ཏུ་འགུས་ད། འཇུག
298b8 རབ་ཏུ་འཁྲུགས། འཁོརང་རབ་ཏུ་འཁོར་ད། ཤུར་འུར་རབ་ཏུ་འུར་འུར། ཤིཀྲ་ཤིག་རབ་ཏུ་ཤིག་ཤིག། མེར་མེར་རབ་ཏུ་མེར་སེར། ལྡེས་ལྡེས་རབ་ཏུ་ལྡེམ་སྡེསོ།། དེ་ལས་སོགས་པ་བྱས་ཏེ། ས་ཆེན་པོ་རབ་ཏུ་གསོས
298b9 སོ།། དེརས་འཁོར་དེ་དག་གི་ནི་པར་ཚངས་པ་དང་། དབང་པོ་དང་། འཇིག་རྟེན་སྦྱོར་བ་དང་། རྣམ་ཡིན་དང་། དབང་ཕྱུག་ཆེན་པོ་ལས་ཕྲོགས་པ་ལྷ་རྣམས་ཀྱིས་ས་གཞི་དེ་ལྟ་བུ་གྱུར་ད་པ་མཐོ་བ་ནས་སྤྱི་བུང་ཞེས་བྱ་སྟེ།