e-texts navigator
Collection
Volume
Page
Wylie

297b1 རྣམས་ལ་མྱེད་པ་དེ་ལྟ་བུར་གྱུར་ད་ཏེ། དེའི་གདུགས་ཕལ་པའི་ཆུ་ཞེང་དུ་ཡང་འཇིག་རྟེན་ཐམས་བར་མའི་ཁྱོད་ཙམ་མོ།། དེ་ལྟར་དེ་མཐུ་ཆེན་པོ་དང་ལྡན་ཞིང་རང་གི་ཆུང་མ་རྣམས་ཀྱིས་རྔ་ཡབ་ཀྱིས་གཡོབ་བཞིན་དུ། བཅོམ་ལྡན
297b2 འདས་ཀ་ལ་བ་དེར་ཕྱི་ནད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་འགེ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པོ་དང་། འཁོར་དང་བཅས
297b3 པས་བདག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ། བཅོམ་ལྡན་འདས་བདག་གིས་ད་སླརན་ཆད་ཐེག་པ་ཆེན་པོའི་སླད་དུ་ས~ཾ་དམ་བཅའ་བར་འཚལ་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་སུ་ཡང་རུང་། འཇིགས་པའི་སླད
297b4 དུ་འམ། རྙེད་པ་དང་བཀུར་སྟི་འཚལ་བའི་སླད་དུ་འམ། ཐོབ་ཏུ་རེ་བའི་སླད་དུ་འམ། གཞན་གིས་བགྱིད་དུ་གསལྡ་པ་འམ། གཞན་གིས་ཡིད་བསྲུང་བའི་སླད་དུ་ཡང་རུང་སྟེ། ཐེག་པ་ཆེན་པོ་བརྗོད་པར་བགྱི
297b5 ན། དེའི་དོན་ཏུ་འཇིགས་པ་དང་མྱི་དགའ་བའི་ཐམས་ཅད་བསལ། བའི་གསང་སྔགས་བཤད་པར་འཚལ་ལོ།། ། ཏད་ཡ་ཐཱ། ཐག་ཀྵེ་ཊ་ཊ་ར། ཐག་ཀཱི། རོ་རུ་རེ། མ་ཧ་རོ་རྱ་རཱ།
297b6 ཨཱ་ལ་མ་ལ་ཏ་ལ་སཱ་ཧ།། །། ཆོས་སྨྲ་བ་འཁྲུལ་པ་དང་། 2ཇིགས་པས་གནོད་པར་གྱུར་པ་རྣམས་ཆོས་ཀྱི་ཚུལ་ལ་སྤོབས་པ་བ་སྐྱེད་པར་བགྱི་བ་དང་། མུ་སྟེགས་པ་རྣམས་མྱོས་པར་བགྱི་བ་དང་།
297b7 དས་པའི་ཆོས་བསྲུང་བ་དང་། བདག་དང་གཞན་བསྲུང་བའི་སླད་དུ་བདག་གིས་རང་གི་དམ་ཚིག་གིས་སྨྲས་པའི་གསང་སྔགས་འདི་གླང་པོའི་འཇིགས་པ་འམ། ར་ཀས་ཞུང་གི་འཇིགས་པ་འམ། ཆུ་ཀླུང་གི་འཇིགས་པ་འམ།
297b8 མྱེའི་འཇིགས་པ་རྣམས་ཀྱི་ནང་དུ་བསྲུང་བའི་གཟུང་སྔགས་ཀྱི་དོན་ཏུ་བརྗོད་པ་གང་ལགས་པ་དེ་དག་ནི་བརྗོད་པ་ཙམ་གིས་ཇི་ལྟར་རུ་སཱལ་རང་གི་ལུས་བསྲུངས་པ་དེ་བཞིན་དུ། བདག་གིས་ཀཡོ་དང་སྒྱུ་མ་མཆིས་པར་དེ་དག
297b9 འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱི། སྟོབས་དང་ལྡན་པར་ཡང་བགྱིད་ལགས་མ། བཅོམ་ལྡན་འདས་ཀྱིས་ད་ཞལ་ཟས་འདི་བཞེས་པར་གསོལ་ཞེས་བསྐུལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག




iiif viewer powered by OpenSeadragon

297a - 298a

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo