e-texts navigator
Collection
Volume
Page
Wylie

297a1 དེ་དག་གི་བ་དན་ཕལ་པ་གང་ཡིན་པ་དེ་ཡང་ཚངས་པའི་འཇིག་རྟེན་ནས་འཕྱང་སྟེ། ཤིང་ས་ལ་ཟུང་གི་དྲུང་དུ་ཐུག་གོ།། དེས་ཀྱང་བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་ག་སོལ་པ་ལས། བཅོམ་ལྡན་འདས
297a2 ཀྱིས་མ་བཞེས་ནས་ཕྱོགས་གཅིག་དུ་འབོད་དོ།། དེ་ནས་དེའི་ཚེ་ལྷ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ལྷ་མ་ཡིན་གི་གཡོག་འཁོར་དཔག་ཏུ་མྱེད་པ་དང་བཅས་པས། ཚངས་པ་དང་དབང་པོ་གཉིས་མ་གཏོགས་པར་དེའི་བར
297a3 ཀྱི་ལྷ་ཡོད་དོ་ཅོག་གི་འོད། རང་གི་འོད་ཀྱིས་མོག་མོག་པོར་བྱས་ནས་དེའི་རྐྱེནད་ཏུ་འཚམས་པའི་མཆོད་པའི་ཚོ་གས་དང་རྐྱེནད་ཏུ་འཚམ་པའི་ཞལ་ཟས་དང་ཆས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་།། དེའི་གདུགས་ཕལ་པ་ཡང་ཆུ
297a4 ཞེང་དུ་འཇིག་རྟེན་གྱི་ཁམས་ཆུ་དུ་ཁྱབ་པ་ཙམ་སྟེ། དེས་ཀྱང་བཅོམ་ལྔ་ན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ་ལས། བཅོམ་ལྡན་ལ་དདས་ཀྱིས་མ་ཞེས་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས
297a5 བདུད་སྡིག་ཅན་ཀི་ཆུང་མ་གྲངས་མྱེད་པའི་འཁོར་དང་བཅས་ཏེ། སེ་མས་ཅན་དམྱལ་བ་ཐམས་ཅད་ཀྱི་བར་སྲང་ཐམས་ཅད་ཕྱེ་ནས། དེ་དཀ་ལ་ཆུ་དང་ཁ་ཟས་ལས་སྩོགས་པ་ཅི་འདོད་པ་བྱིན་ཏེ། དེ་དག་ལ
297a6 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲན་པར་གྱིས་ཤིག། སྦྱིན་པ་ཐ་མ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་ནས། དེ་དག་ལ་ཁྱེར་བདེ་བར་གྱུར་ད་ཅིག་ཅེས་དབུགས་ཕྱུང་ངོ་།།
297a7 སེམས་ཅན་དམྱལ་བའི་གྲོང་ཕྱིར་མཚོན་ཆས་གང་ཞིང་མྱེ་ཆེན་པོ་འབར་བ་རྣམས་སུ་ཡང་སྤྲིན་ཆེན་པོ་བཞིན་དུ་ཆུ་ཆེན་པོ་ཕབ་ནས་སེམས་ཅན་དམྱལ་བ་རྣམས་ཀྱིས་སྔོན་མ་མྱོང་བའི་བདེ་བ་དང་ལྡན་པའི་འདུ་ཤེས་བསྐྱེད་དེ། རེ
297a8 བཞིན་གཤེགས་པའི་མཐུས་བདུད་ཀྱི་སེམས་ཀྱི་གནས་སྐབས་དེ་ལྟ་བུར་གྱུར་ད་ཏོ།། དེའི་འཁོར་ཀར་ཡིན་པ་དེ་དག་གིས་ཀྱང་གཞུ་དང་རལ་གྱི་དང་ཐོ་བ་དགྲ་སྟ་དང་། དེ་ཇེ་རྩེ་གཅིག་པ་དང་། མཚོན་ཀས་པ་ན་དང་། སྔགས
297a9 ཀྱི་བཻ་ར་ཀ་དང་། ལྕགས་མདའ་དང་། ཤ་ན་ཀནྟི་དང་། མངའ་དང་པར་མདུང་དང་། མདུང་རྩེ་གཅིག་པ་ལས་སྩོགས་པ་མཚོན་མ་རྣམས་ཡོངས་སུ་སྤོངས་ཏེ། ཆོས་ལྷུར་ལེ་ནད་པར་གྱུར་ཏོ།། དེའི་མཆོད་པ་ཡང་སྠ་སྔ་མ




iiif viewer powered by OpenSeadragon

296b - 297b

Texts on this page

Ng17.5 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo