| e-texts navigator |
| Wylie |
296b1 རིམ་པ་དང་ལྡན་པ། སྐར་ཞུད་གྱི་ཕྲེང་བ་དུ་མ་ཕུག་རོན་ཤུག་རྩེ་བ་དང་ལྡན་པ་དག་ཀྱང་སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན
296b2 འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཐེག་པ་ཆེན་པོའི་མདོའི་སྡེ་མཚན་སྲུང་བ་ལགས་ན། བདག་ཅག་ལ་ཐུགས་རྩེ
296b3 བའི་སླད་དུ་བདག་ཅག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ།། དེ་སྐད་ཅེས་གསོལ་ཀྱང་ཞལ་ཟས་མ་བཞེས་ནས་ཕྱོགས་ཅིག་ཏུ་འཁོད་དོ།། བམ་པོ
296b4 དེའི་རྗེས་ལ་མཐརྡ་ཀྱིས་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པོ་རྣམས་ཀྱེས་སྟེང་གི་བར་སྣང་ལ་མཆོད་པ་དང་འོད་སྔ་མ་ལས་ཁྱད་པར་དུ་འཕག། ས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། དེ་དག་གི་མཚོ
296b5 པའི་ནང་ན་གདུགས་ཕལ་བ་གང་ཡིན་པ་དེ་ཡང་ཁོ་ར་ཁོར་ཡུག་ཏུ་གླི། ང་བཞི་པའི་ཁྱོན་ཙམ་མོ།། བ་དན་ཕལ་བ་གང་ཡིན་པ་དེ་ཡང་རྒྱ་མ། ཚེ་ཆེན་པོ་བཞིའི་མཐར་ཐུག་སྟེ། ཤར་ཕྱོགས་ཀྱི་མཚོནས་ནུབ
296b6 ཕྱོགས་ཀྱི་རྒྱ་མཚོར་ཐུག་སྟེ། རླུང་གྱིས་བསྐྱོད་དམ་རླུང་གི་ཕྱར་ན་བ་དན་དེ་དག་ལས་པི་བང་གི་སྒྲ་སྙན་པ་ཞོང་ནས་འབྱིག་པ་ལྟ་བུར་སྭཱ་ན་པ་དག་འབྱུང་སྟེ། དེ་དག་བཅོམ་ལྡན་འདས་ས་ཕྱག་འཚལ་ནས
296b7 ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཅད་མྱི་གསུང་བར་ནས་རེ་ཐག་ཆད་དེ་ཕྱོགས་གཅིག་ཏུ་འབོད་དོ།། དེའི་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་མ་གཏོགས་པར་གོང་མའི་ཡང་གོང་མའི་སེམས་ཅན
296b8 གང་ཡིན་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར། མཆོད་པ་རྒྱ་ཆེན་པོའི་ཚོགས་དང་ཆས་ཏེ་སྤྲུགས་ནས། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། མྱི་མཆེད་ཀྱི་བདག་པོ་ཚངས་པ་ཚངས་ནི
296b9 ཀྱི་ཝའི་བུ་དཔག་ཏུ་མྱེད་པ་དག་གིས་བསྐོར་དཅིང་མ་དྲམ་ཏུ་བདར་ཏེ། རང་གི་གཟི་བྱིམ་གྱིས་ལྷ་ཐམས་ཅད་ཀྱི་གཟིལ་བྱིན་ཟི་ལ་ཀྱིས་མནན་ནས། མཆོད་པའི་ཚོགས་ཆེན་པོ་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐར་དུ་དོང་ངོ་།།