| e-texts navigator |
| Wylie |
295b1 མྱེད་པ་དང་། ཟུག་ཟུང་ལག་ཀྲིབ་མ་ཆེ་བ། ཟུག་ཁ་ནས་འབབ་པའི་ཆུས་གདུ་བ་དང་། སད་ག་ཞོང་རོ་གུ་རུང་སུ་བ་དང་། འབྲས་བུས་ཀང་བ་དག་ཀྱང་དེ་ལྤགས་སོ།། ལྦའི་བུ་མ་ཙོ་པོ་ཆེའི་མདུན་མ་ཆེན་པོ་དག་ཀྱང་མི་བ་དང་#
295b2 ཏེ། མཆོད་པའི་ཕྱིར་ལྤགས་ནས།། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། ཀནན་ཡང་དེའི་ཚེ་སྐྲའི་བུའི་མཐུ་བོ་ཆེ་འོད་ཆེན་པོ། རྒྱལ་མཆེ་ཆེན་པོ་བཞིའི་ནང་ན་གནས་པ་དང་། ཆུ་ཀླུང་ཆེན
295b3 པོ་དག་གི་ནང་ན་གནས་པ་དང་། ཀང་ཀའི་ཀླུང་གྲངས་མྱེད་པའི་བྱེ་མ་སྙེད་མཆོད་པ་སྔ་ས་པས་ཉིས་གྱུར་ཀྱིས་མཛེས་པའི་མཆོད་པ་སྡོམ་ཏུ་བཏང་ནས་ཉི་མའི་འོད་ཀྱིས་མར་མྱེའི་འོད་ཟིལ་གྱིས་མནན་པ་བཞིན་མུར་བ་རང་གི་འོད
295b4 ཉི་མའི་འོད་ཟིལ་ཀྱིས་མནན་ཏེ། ཉི་མ་འཆར་ཀའི་འོད་ཀྱིས་ཤིང་མྱ་རན་འཚད་ཀྱི་ལོ་མ་ཐམས་ཅད་དམར་ལམ་མེར་སྣང་བར་བྱེད་པ་བཞིན་དུ་རང་རང་གི་འོད་ཀྱིས་ཆུ་ཀླུང་གསེར་ལྡན་གི་ཆུ་དམར་ལམ་མེར་སྣང་བར
295b5 བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཕྱག་འཚལ་ཏེ་ཕྱོ་གས་གཅིག་ཏུ་འཕོད་དོ།། གཞན་ཡང་དེའི་ཚེ་གྲོང་ཕྱེར་ཀུ་ཤི་ནས་ཤི། ང་ས་ལ་ཟུར་གྱི་དྲུང་གྱི་བར་སྐབས་ཀྱི་བར་སྣང་ལ་ཁང་བཟངས་རིའི་དབ
295b6 པོའི་རྩེ་མོ་ལྟ་བུ། ངང་པའི་ཐལ་ཀོང་ལྟར་དཀར་བ་ཤ་སྟག་གིས་འཁྲིག་ས་པར་གྱུར་པཏྟོ།། ས་གཞི་ནི་སྐྱེད་མོས་ཚལ་དང་། རྫིང་བུའི་ཆུ་པད་མ་ས་མཛེས་པར་བྱས་པ་དག་གིས་གང་བར་འདུག་སྟེ། བྱང་གི་སྤྲ་མྱི
295b7 སྙན་གྱི་སྐྱེད་མོས་ཚལ་བས་ལྷག་པར་མཛེས་སོ།། གཅིག་ཏུ་ན་དགའ་བའི་ཚལ་དང་། ཤིང་རྟ་སྣ་ཚོགས་ཅན་དང་འདྲ་བར་གྱུར་ད་ཏེ། ས་ཕྱོགས་དེ་དག་དེ་ལྟར་དགའ་དགའ་ལྟར་འདུག་ཀྱང་། ལྷ་དང་ལྷ་མ་ཡིན་དང་། མྱི་ར
295b8 དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་ཤ་ན་ཏུ་ལོ།། གཞན་ཡང་དེའི་རྒྱལ་ཆེན་རིས་བཞིའི་རིས་ཀྱི་ལྷ་རྣམས་རང་རང་གི་འཁོར་ལ་འདི་སྐད་ཅེས་འཛེརྡ་ཏོ།། གྲོགས་པོ་དག་ལྟོས། ལྷ་དང་ལྷ་མ
295b9 ཡན་དང་ཀྱི་རྣམས་ཀྱི་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཕྱད་པར་དུ་འཕགས་ལ། དེ་བཞིན་གཤེགས་པ་ལ་ཞལ་ཟས་ཀྱི་ཐ་མ་འབུལ་བ་ལ་བརྩོན་གྱིས། གྲོགས་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང